སྒྲོལ་མ་རྣམ་རྒྱལ་ལ་ལོ་དྲུག་གི་བཙོན་འཇུག་ཁྲིམས་ཆད།
གཞན་ཡང་ད་ལོ་ཀིརྟི་མ་བུ་དགོན་རྣམས་ཀྱིས་ལྷན་དུ་འཚོག་སྲོལ་ཡོད་པའི་ཚད་མའི་དགུན་ཆོས་ཆེན་མོ་རྒྱ་གཞུང་གིས་བཀག་འགོག་བྱས་པ་མ་ཟད། རྔ་པ་ཀིརྟི་དགོན་པ་ནས་མཚོ་བདུན་ཀིརྟི་དགོན་པར་མཁན་པོ་གཏོང་སྲོལ་ཡོད་པ་བཞིན། ད་ལོའི་ཚད་མིའི་དགུན་ཆོས་འཚོག་གྲབས་མེད་པའི་ཟླ་ཤས་ཀྱི་སྔོན་དུ་རྔ་པ་ཀིརྟི་དགོན་པ་ནས་དགེ་བཤེས་བརྩོན་འགྲུས་རྒྱལ་རོང་མཚོ་བདུན་ཀིརྟི་དགོན་པར་ཕེབས་ནས་མཁན་པོའི་ཕྱག་ལས་གནང་བཞིན་ཡོད་ཀྱང། ད་ལོའི་ཚད་མའི་དགུན་ཆོས་འཚོག་མ་བཅུག་པའི་རྗེས་སུ་མཁན་པོ་ཁོང་ཡང་མཚོ་བདུན་ཀིརྟི་དགོན་དུ་བཞུགས་མ་བཅུག་པར་རྔ་པ་ཀིརྟི་དགོན་དུ་ཕྱིར་ལོག་བཏང་བ་མ་ཟད། ཁོང་དང་ལྷན་དུ་དགེ་ཕྲུག་གྲྭ་པ་བཅོ་ལྔ་ཙམ་ཕྱིར་རྔ་པ་ཀིརྟི་དགོན་དུ་བཏང་ཡོད་འདུག
གཞན་ཡང་ལོ་སྔོན་མར་ལོ་གསར་མི་གཏོང་བའི་ལས་འགུལ་སྤེལ་བའི་ཉེས་མིང་བཏགས་ནས་འཛིན་བཟུང་བྱས་པའི་གྲྭ་པ་བློ་བཟང་ཀིརྟི་དང། ཕྱི་ལོ་༢༠༠༨ ལོའི་ཟླ་༣ ནང་འཛིན་བཟུང་བྱས་པའི་མཚམས་ཐར། མགོན་པོ་ཚེ་རིང། བློ་བཟང་ཟེར་བ་བཅས་བོད་མི་བཞི་མཚན་དཀྱིལ་ཆུ་ཚོད་དང་པོ་ཙམ་ལ་གྲོང་སྡེའི་མི་མང་གིས་དགའ་བསུའི་སྣེ་ལེན་བྱེད་པའི་གོ་སྐབས་སོགས་ལ་གཡོལ་ནས་ཁུ་སིམ་པོའི་ངང་རྔ་པ་རྫོང་གི་ཉེན་རྟོག་པ་ཁག་ཅིག་གིས་རང་ཁྱིམ་དུ་བསྐྱལ་བའི་གནས་ཚུལ་ཡང་བྱུང་ཡོད་འདུག །