ཆབ་སྲིད་བཙོན་པ་ཚེ་རིང་བཙོན་གྲོལ་ཐོབ།

ཕྱི་ལོ་༢༠༠༨ ལོར་ས་བྱི་ཞི་རྒོལ་ཆེན་མོའི་ནང་མཉམ་ཞུགས་བྱེད་མཁན། བོད་མི་ཚེ་རིང་བཙོན་གྲོལ་ཐོབ་ཡོད་འདུག
13576538_1198174003539800_528407788_nབརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཚེས་༢༤ ཉིན་ཆབ་སྲིད་བཙོན་པ་དགེ་འདུན་པ་ཚེ་རིང་བཙོན་འཇུག་གི་དུས་ཡུན་ལོ་ལྔ་ཚང་ནས་གློད་གྲོལ་ཐོབ་ཡོད་པ་དང་། རྒྱ་གཞུང་གིས་ཁོང་གློད་གྲོལ་སྐབས་ཁོང་གི་ཕ་མ་སྤུན་མཆེད་ལ་ལན་མ་སྤྲད་པར། ཕ་ཡུལ་རྔ་པ་ལ་བསྐྱལ་ཡོད་འདུག རྗེས་སུ་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་བོད་མི་མང་པོ་ཞིག་ཁོང་ལ་འཚམས་འདྲི་བྱེད་པར་ཕྱིན་ཡོད་འདུག
དགེ་འདུན་པ་ཚེ་རིང་ཕྱི་ལོ་༢༠༠༨ ལོར་བོད་མིའི་རྒྱ་ནག་གཞུང་ལ་ངོ་རྒོལ་སྐབས་རྔ་བ་རྫོང་གི་ལས་ཁུང་མདུན་གྱི་ལས་འགུལ་ནང་མཉམ་ཞུགས་བྱས་རྗེས། ཁོང་བྲོས་བྱོལ་ལ་སོང་ཡོད་འདུག  རྒྱ་ནག་གཞུང་གིས་ཁོང་ཡུན་རིང་རྩད་གཅོད་བྱས་ཏེ་ཕྱི་ལོ་༢༠༡༡ ལོའི་ཟླ་༦ པའི་ཚེས་༢༠ ཉིན་འཇུ་བཟུང་བྱས་ནས། ལོ་༥ ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།