ཕྲུ་གུ་བུ་མོ་ཟླ་༡༡ ཅན་ཞིག་ལ་བཙན་གཡེམ།

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཕྲུ་གུ་བུ་མོ་ཟླ་༡༡ ཟིན་པ་ཞིག་རང་ཉིད་ཀྱི་ཨ་མ་དང་མཉམ་དུ་ཐོག་གཡབ་ཅིག་ནང་གཉིད་ཁུག་བཞིན་པའི་སྐབས། མི་ཞིག་གིས་ཕྲུ་གུ་ཤིང་ནགས་ནང་གསང་སྟབས་ཀྱིས་ཁྱེར་ཏེ་བཙན་གཡེམ་བཏང་ཡོད་འདུག

ཟླ་འདིའི་ཚེས་༥ ཉིན་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། གནས་ཚུལ་དེ་ཟླ་འདིའི་ཚེས་༢ ཉིན་གྱི་དགོང་མོ་ཆུ་ཚོད་༡༠ པ་ཙམ་ལ་བྱུང་ཡོད་པ་དང་། ཆུ་ཚོད་༡༡ ཙམ་ལ་ཕྲུ་གུའི་ཨ་མ་གཉིད་སད་ནས་ཕྲུ་གུ་མེད་པ་ཤེས་དུས་ཉེན་རྟོག་པར་སྙན་སེང་ཞུས་པས། ལམ་སེང་འཚོལ་ཞིབ་བྱས་པ་བརྒྱུད། ཕྲུ་གུ་ཆུང་ཆུང་དེ་ཉེ་འཁོར་གྱི་ཤིང་ནགས་ནང་དྲན་མེད་དུ་རྒྱལ་ཡོད་པ་རྙེད་སོན་བྱུང་འདུག་པ་དང་། ཆུ་ཚོད་གཉིས་ཙམ་བཙན་གཡེམ་བཏང་ཡོད་འདུག ཕྲུ་གུ་སྨན་ཁང་ལ་བསྐྱལ་བ་དང་། ཉེན་རྟོག་པས་མོ་ལ་ཁྲག་ཧ་ཅང་མང་པོ་འཛགས་ཀྱི་ཡོད་སྐོར་འགྲེལ་བརྗོད་བྱས་འདུག

ཕྲུ་གུའི་ཕ་མ་གཉིས་ཀྱིས་མོ་རང་གི་གཟུགས་པོའི་གནས་སྟངས་མཐོང་དུས་སེམས་ལ་འཇིགས་སྣང་སྐྱེས་ཡོད་སྐོར་བརྗོད་འདུག་པ་དང་། མོ་རང་གི་གནས་སྟངས་ཛ་དྲག་ཡིན་འདུག
ཤིང་ནགས་ནང་གི་ཕྲུ་གུའི་འཁྲིས་སུ་མིའི་དེའི་ཁ་པར་ལྷག་ཡོད་པས། ཁོང་ཉེན་རྟོག་པས་འཇུ་བཟུང་བྱེད་ཐུབ་ཡོད་པ་དང་། ལོ་ན་༣༩ ཡིན་འདུག
རྒྱ་གར་ནང་ཕྲུ་གུ་བུ་མོ་དང་བུ་ལོ་ཆུང་ལ་བཙན་གཡེམ་བྱས་པའི་གནས་ཚུལ་མང་པོ་འབྱུང་གི་ཡོད་པ་དང་། ཕྱི་ལོ་༢༠༡༤ ལོར་ཕྲུ་གུ་ཆུང་ཆུང་ལ་བཙན་གཡེམ་བཏང་བའི་གནས་ཚུལ་ཧ་གོ་བ་༡༣,༧༦༦ ཡོད་སྐོར་རྒྱ་གར་གྱི་ཕྲུ་གུ་དང་བུད་མེད་ནུས་སྟོབས་འཕེལ་རྒྱས་ཀྱི་བློན་ཆེན་ལྷན་ཁང་གིས་བརྗོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།
http://www.india.com/news/india/delhi-11-month-old-baby-raped-for-2-hours-in-vikaspuri-1458052/