ཐེ་ལན་ཌི་མི་མང་གིས་ངོ་རྒོལ་བ་ཚོར་ཁྲག་སྤྲད་འདུག
ཁོང་གིས་གནས་དབྱུང་བཏང་བའི་སྲིད་བློན་ཟུར་པའི་དབར་ཆབ་སྲིད་ཀྱི་རྙོག་འཛིང་ཆེན་པོ་འགྲོ་བཞིན་པ་དང་། དེ་བཞིན་གཞུང་དམག་ལ་སྲིད་བློན་གྱིས་བཀའ་བཏང་ནས། གཞུང་ལ་ངོ་རྒོལ་བྱེད་མཁན་སྲིད་བློན་ཟུར་པའི་ཕྱོགས་གཏོགས་རྣམས་བཙོན་འཇུག་སོགས་བྱེད་བཅུག་གི་ཡོད་རུང་། མི་མང་ཕོན་ཆེན་གྱིས་གཞུང་གི་དབང་འཛིན་པ་སྲིད་བློན་གཙོ་བོར་གྱུར་པའི་དཔོན་རིགས་ཁག་གཅིག་གིས། ཁྲིམས་འགལ་གྱི་ཐོག་ནས་གཞུང་གི་སྲིད་དབང་འཛིན་གྱི་ཡོད་པས་ངེས་པར་དུ་ཕྱིར་འཐེན་བྱེད་དགོས་པའི་ངོ་རྒོལ་ཤུགས་ཆེ་བྱེད་ཀྱི་ཡོད་འདུག
དེ་བཞིན་ངོ་རྒོལ་བ་སྟོད་གོས་དམར་པོའི་སྡེ་ཚན་དང་སེར་པོའི་སྡེ་ཚན་གཉིས་སུ་ཕྱེས་ནས། གཞུང་ལ་སྲིད་བློན་འོས་འདེམས་དགོས་པའི་ངོ་རྒོལ་མཚམས་འཇོག་མེད་པར་བྱེད་ཀྱི་ཡོད་ཅིང་། ངོ་རྒོལ་བ་ཚོས་ཉིན་གྲངས་མང་པོའི་རིང་ཟས་བཅད་ངོ་རྒོལ་བྱེད་སྐབས། མཁོ་གལ་ཆེ་བའི་ཁྲག་ཧ་ཅང་ཕོན་ཆེན་པོ་ཞལ་འདེབས་རྒྱག་མཁན་བྱུང་ཡོད་པ་དང་། དེ་བཞིན་གཞུང་ཕྱོགས་ནས་མི་མང་གི་དགོས་འདུན་དང་ལེན་ཡོང་ཆེད་དུ། སྲིད་བློན་ཟུར་པའི་ཕྱོགས་གཏོགས་སྟོད་གོས་དམར་པོའི་སྡེ་ཚན་གྱིས། གནམ་ཐང་སོགས་དཔལ་འབྱོར་ལ་གལ་གནད་ཆེ་བའི་ཚོང་གི་ལྟེ་གནས་ཁག་མང་པོའི་ནང། ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྣ་ཚོགས་སྤེལ་བཞིན་ཡོད་པས། དེང་སྐབས་ཐེ་ལན་ཌི་གཞུང་ལ་དཀའ་ངལ་འཕྲད་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།།
