བོད་རིགས་ལས་བྱེད་ཕྱིར་ཕུད།
པར་བཀག་སྡོམ་བྱས་ཡོད་པ་དང། ཕྱི་ཚེས་༡༨ ཉིན་རྨ་ཆུ་རྫོང་བོད་ཡིག་སློབ་འབྲིང་གི་སློབ་གཙོ་སྐྱབས་ཆེན་བདེ་གྲོལ་དང་། སློབ་གཙོ་གཞོན་པ་རྡོ་རྗེ་ཚེ་བརྟན་ནམ་རྡོ་རེ། ཕ་ཡུལ་ཀླུ་ཆུ་ནས་ཡིན་པའི་དགེ་རྒན་ཞིག་བཅས་ལ་སློབ་གྲྭར་འགན་འཁུར་མ་ཐུབ་པ་དང་། སློབ་གསོ་འཐུས་ཤོར་དུ་བཏང་བའི་ཉེས་འཛུགས་འོག་ལས་གནས་ནས་ཕྱིར་ཕུད་དང་། རྨ་ཆུ་རྫོང་ཉེན་རྟོག་ལས་ཁུངས་ཀྱི་འགན་འཛིན་བསོད་ཚེ་དང་། རྨ་ཆུ་རྫོང་དྲག་ཆས་དམག་མིའི་འགན་འཛིན་བོད་རིགས་ཤིག་བཅས་ལ་སློབ་མ་ཚོས་ངོ་རྒོལ་སྐབས། དམ་དྲག་དང་ངོ་རྒོལ་བྱེད་མཁན་འཛིན་བཟུང་མ་བྱས་པའི་ཉེས་འཛུགས་འོག་ལས་གནས་ནས་ཕྱིར་ཕུད་བཏང་ཡོད་འདུག གཞན། བོད་ཡིག་སློང་འབྲིང་དེ་གའི་དགེ་རྒན་ ༨ ཙམ་ལ་སློབ་ཕྲུག་ཚོར་སློབ་གསོ་སྤྲོད་སྟངས་དང་བདག་སྐྱོང་གིས་མ་འདང་བའི་ཉེས་འཛུགས་འོག མི་འགྱངས་པར་གནས་དབྱུང་གཏོང་རྒྱུའི་ཉེན་ཁར་སླེབས་ཡོད་འདུག དེ་མིན་ཉིན་འདི་འགར་རྨ་ཆུ་རྫོང་ཡོངས་སུ་དམག་མིས་དམ་དྲག་ཤུགས་ཆེན་བྱས་ཏེ། འགྲུལ་བཞུད་བྱེད་མཁན་ཡོངས་ལ་ཞིབ་བཤེར་དོ་དམ་ནན་ཏན་བྱེད་ཀྱིན་ཡོད་འདུག