ལི་ཐང་གི་གྲྭ་པ་ཞིག་ལ་ལོ་༣ གྱི་ཁྲིམས་ཆད།

གྱི་ཆོས་སྒོར་ཞུགས་སྟེ་དགོན་པའི་འདོན་རྟ་དབྱངས་སོགས་ལ་མཐར་ཕྱིན་པ་སྦྱངས་པ་དང་།  ལི་ཐང་དགོན་ཆེན་དང་རབ་རྒྱས་གླིང་གྲྭ་ཚང་གཉིས་ཀྱི་ལས་གནས་ཆེ་ཕྲ་དུ་མའི་ཐུགས་འགན་བཞེས་ཡོད་པ་མ་ཟད་སྤྱི་སྒེར་ཡོངས་ལ་ལྷག་བསམ་དཀར་ཞིང་རང་རིགས་ལ་ལ་རྒྱ་ཆེ་བ་ཞིག་ཡིན་པས་ཀུན་གྱིས་རྩི་མཐོང་ཆེན་པོ་བྱེད་སའི་མི་སྣ་ཞིག་ཡིན་འདུག འདི་ལོ་ཁོང་རྒྱ་དམར་གྱིས་བཙོན་འཇུག་བྱས་མེད་ན་ལི་ཐང་དགོན་ཆེན་གྱི་ཚོགས་ཆེན་དབུ་མཛད་གཏན་ཁེལ་ཡོད་པ་རེད། ཕྱི་ལོ་༢༠༠༨ ཟླ་༡༠ ནང་ཁོང་རྒྱ་གར་ལ་ཐེངས་གཉིས་པ་ཡོང་ཡོད་ལ། ༧གོང་ས་མཆོག་གི་མཇལ་ཁ་དང་གནས་སྐོར་གཉེན་འཕྲད་སོགས་གྲུབ་རྗེས་ཕྱིར་བོད་དུ་ལོག་སྐབས་། ༢༠༠༩ ཟླ་༡ ཚེས་༢༨ ཉིན་བལ་ཡུལ་ས་མཚམས་འགྲམས་ནས་ཁོང་དང་ཁོང་གི་རོགས་པ་གྲྭ་གྲུ་མ་དོན་གྲུབ་གཉིས་ལ་ཕྱི་བསྐྱོད་ལག་འཁྱེར་སོགས་ཚད་ལྡན་ཡོད་ཀྱང་རྒྱུ་མཚན་ཅི་ཡང་མེད་པར་བཀག་ཉར་བྱས་འདུག ཟླ་ཤེས་རྗེས་ཁོང་གི་རོགས་པ་གློད་གྲོལ་བཏང་ཡོད་ཀྱང་ཁོང་གློད་མི་འདུག ཁོང་གི་རོགས་པས་གསུང་དོན། ང་གཉིས་འཇུ་བཟུང་བྱས་རྗེས་ཉེས་འདོག་སྣ་ཚོགས་བྱས་སྟེ་མཐའ་མར་ང་གློད་བྱུང་། འོན་ཀྱང་བློ་རིས་ད་དུང་གློད་མ་སོང་། དེ་ནི་ཁོང་གི་ལག་ཁུག་ནང་ནས་ཡི་གེ་ཞིག་རྙེད་ཡོད་པས་ནག་ཉེས་ཆེ་ཚུལ་བཤད་སོང་ཟེར་པ་ལས་གཞན་སྐད་ཆ་མང་པོ་བཤད་པར་ཚེར་སྣང་ཆེན་པོ་བྱེད་ཀྱི་འདུག ཕྱིས་སུ་ཁོང་གི་སྤུན་རྒན་པ་ཨ་ངག་ལགས་ལམ་ཐག་རིང་པོ་བརྒྱུད་དེ་ཉག་རི་བཙོན་ཁང་དུ་འབྱོར་སྐབས་ཉེན་རྟོག་པས་ཁོང་བཙོན་ཁང་དུ་ཡོད་སྐོར་བརྗོད་པ་ཙམ་ལས་ཁོང་སྤུན་གཉིས་ཐུག་འཕྲད་བྱེད་བཅུག་མི་འདུག ཨ་ངག་ལགས་ཀྱིས་སྐུ་མཁྱེན་ངེད་གཉིས་ཐུག་མ་ཆོག་ཀྱང་རྒྱང་རིང་ཕན་ཚུན་མཐོང་བཅུག་རོགས་གནང་ཞེས་ཞུ་བ་ཕུལ་ཡང་། ཉེན་རྟོག་པ་ཚོ་ཁོང་ཁྲོ་ཆེན་པོས་ཁྱེད་རང་འདི་འདྲའི་ཨུ་ཚུགས་ཆེན་པོོ་དེ་འདྲ་ག་རེ་རེད། མར་རྒྱུགས་ལྐུག་པ་ཚོ་ཟེར་ནས་ཚིགས་ངན་སྣ་ཚོགས་ཀྱིས་ཁ་རྡོང་བཏང་སྟེ་མར་ཕུད་འདུག དེ་རྗེས་ལོ་གཅིག་ལྷག་ལ་ཁོང་གི་གནས་ཚུལ་གཅིག་ཀྱང་གོ་ཐོས་བྱུང་མི་འདུག ཁོང་གི་ཨ་མ་རྒན་མོས་སེམས་སྡུག་ཆེན་པོའི་མི་ཐུག་ཚད་ལ་ངས་བུའི་གནས་ཚུལ་འདྲ་གོ་ཨེ་བྱུང་ཟེར་ནས་ནམ་རྒྱུན་ཡང་ཡང་ངུས་བར་བརྟེན། ད་ཆ་མིག་ཡང་ལོང་བར་གྱུར་ཡོད་འདུག ཉེ་ཆར་ཕྱི་ཟླ་༡ ཚེས་༡༠ ཉིན་ལི་ཐང་ཉེན་རྟོག་ལས་ཁུངས་བརྒྱུད་ནས་གནས་ཚུལ་ཤེས་རྟོག་བྱུང་བ་ལྟར་ན། ཁོང་ལ་ཁྲིམས་ཆད་ཀྱི་བརྡ་ལན་ལྟ་ཅི་མཐའ་ན་ཁྲིམས་རྭ་ཙམ་ཡང་མ་འཚོགས་པར་མི་ལོ་གསུམ་གྱི་དུས་བཀའ་བཙོན་འཇུག་གི་ཁྲིམས་ཐག་བཅད་འདུག ཁྲིམས་རྭ་ཙམ་ཡང་མ་ཚོགས་པར་འདི་འདྲའི་ཁྲིམས་ཐག་གཅོད་སྟངས་ཤིག་རྒྱལ་ཁབ་ཀྱི་སྲིད་ཇུས་ནང་ལ་ཡོད་པ་མ་རེད། ལུགས་སྲོལ་འདི་ནི་གསལ་པ་ཞིག་རེད། ཁོང་ལ་ཆབ་སྲིད་ཀྱི་གནས་ཚུལ་ཡོད་པ་འདྲ་ཞེས་བརྗོད་འདུག ཡང་ཁོ་ཚོས་བཤད་པ་ལྟར་དེ་འདྲའི་ཆབ་སྲིད་ཀྱི་གནད་དོན་ཡོད་ན་ཁྲིམས་མེད་ལུགས་མེད་ཀྱི་བཙོན་འཇུག་ཉེས་རྡུང་འཁུར་དགོས་པ་ནི་བོད་ཀྱི་ཆབ་སྲིད་བཙོན་པ་ཚོའི་ལས་དབང་ཡིན་པ་རེད། དེ་ལ་ཡིན་མིན་བཤད་ས་ཡོད་མ་རེད། ཁོང་ལ་དེ་ལྟར་ཁྲིམས་ཐག་གཅོད་དགོས་པའི་ནག་ཉེས་ཁོང་གི་ཕྱག་དུ་བྱུང་འཛིན་གཉིས་ཡོད་པའི་ཡིན་པར་བཤད་འདུག བྱུང་འཛིན་གཅིག་ནི་དབུས་གཞོན་ལྷན་ལ་ཧིན་སྒོར་༡༠ ཞལ་འདེབས་ཕུལ་བའི་བྱུང་འཛིན་དང་། གཅིག་འབྲས་སྤུངས་གནས་བཞུགས་ལི་ཐང་གི་གྲྭ་པ་ཞིག་གིས་བསྐུར་བའི་ལི་ཐང་བརྟན་བཞུགས་ཚོགས་ཆུང་གིས་སྤྲད་པའི་བྱུང་འཛིན་ཞིག་རེད། དེ་ནི་ལི་ཐང་གཞིས་བྱེས་གཉིས་ཀྱི་༧གོང་ས་མཆོག་ལ་བརྟན་བཞུགས་འབུལ་སྐབས། བོད་ནང་གིས་སྡེ་བ་ཞིག་གི་ཞལ་འདེབས་ཕུལ་བའི་བྱུང་འཛིན་རེད་འདུག གཞན་ཡང་ཁོང་ལི་ཐང་དགོན་ཆེན་གྱི་མཁན་ཟུར་རྒྱ་ལུག་རིན་པོ་ཆེའི་ཞབས་ཞུ་ཡིན་པས་དབང་གིས་ཡིན་པར་ཚོད་དཔག་བྱེད་མཁན་ཡོད་འདུག རྒྱ་ལུགས་རིན་པོ་ཆེ་མཁན་པོ་ཡིན་སྐབས་ཁོང་ཕྱག་མཛོད་བྱས་ཡོད་པ་དང་ཁོང་གཉིས་ནམ་རྒྱུན་བློས་ཐུབ་ཀྱི་གྲོགས་པོ་ཡིན་པ་རེད། རྒྱ་ལུགས་རིན་པོ་ཆེ་མཁན་པོ་ལས་ཐོག་སྐབས། ལི་ཐང་དུ་རྒྱལ་གཅེས་ཕུལ་བྱུང་དཔའ་བོ་རུང་རྒྱས་ཨ་གྲགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་པ་དང་ལི་ཐང་མི་མང་ཡོང་གིས་བདེན་པའི་རྒྱབ་ལངས་བྱེད་སྐབས་གྲྭ་བློ་རིས་ལགས་དེའི་ནང་ཡོད་པ་དང་། ཕྱིས་སུ་ལི་ཐང་མཁན་ལས་ཟུར་རྣམས་ལ་རྒྱལ་གཅེས་ཆོས་གཅེས་ཟེར་བའི་ལས་འགུལ་འོག་ཉིན་མང་རིང་གོང་རིམ་གྱི་དཔོན་རིགས་ཚོས་སློབ་གསོ་བརྒྱབ་པ་དང་། དེའི་ཉིན་ཐ་མར་མཁན་ལས་ཟུར་རྣམས་ལ་ཁྱེད་ཚོར་གུང་ཁྲན་ཏང་འདེམས་ཀྱི་ཡིན་ནམ། ཏཱ་ལའི་བླ་མ་དགོས་ཞེས་འདེམས་ཀ་བྱེད་སྐབས་མཁན་རྒྱ་ལུགས་རིན་པོ་ཆེས་ང་ཚོས་རྒྱལ་བ་རིན་པོ་ཆེ་འདེམས་ཀྱི་རེད་མ་གཏོགས་རྒྱ་ནག་དུས་ནམ་ཡང་འདེམས་མི་སྲིད། ༧རྒྱལ་བ་རིན་པོ་ཆེ་ནི་ང་ཚོའི་བོད་མི་ཡོངས་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་རེད་ཅེས་གསུང་ནས་མཐའ་གཅིག་ཏུ་ངོ་རྒོལ་བྱས་བ་སོགས་ཀྱིས་ཡིན་སྐོར་དང་། ཡང་ཁག་གཅིག་གིས་ཁོང་གི་ཕྱག་ན་བོད་རིགས་ཡོངས་ལ་མིང་དོན་མཚུངས་བའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཞེས་པའི་ཡིག་ཆ་ཞིག་ཡོད་པས་ཡིན་པར་བཤད་མཁན་ཡང་འདུག མདོར་ན་ཉེ་ཆར་ཕྱི་ཟླ་༡ ཚེས་༣ ཉིན་ཉག་རི་བཙོན་ཁང་དུ་ཁྲིམས་རྭ་ཙམ་ཡང་མ་ཚོགས་པར་ལོ་གསུམ་གྱི་ཁྲིམས་ཐག་བཅད་ཡོད་འདུག །

མོན་གྷོ་གསར་འགོད་པས།