ཕྱི་དྲན་གླུ་ཆུང་སྐྱུར་མོ།
ལྷ་སའི་བར་བསྐོར་བཞི་མདོར།
ཇ་ཁང་ཟ་ཁང་ནང་དུ།
ཁ་ཟས་བྲོ་བ་ཉམས་པའི།
གླེང་གཞི་སྣ་མང་ཐོས་ཡོང༌།།
ནུབ་ཀྱི་འབྲས་སྤུངས་དགོན་ནས།
རབ་བྱུང་ཚོགས་ཤིག་འཇུས་འདུག
བར་བསྐོར་ཉེ་བའི་དགོན་ནས།
ཨ་ནེ་འགའ་ཡང་བཙུད་འདུག།
ཨ་མར་ཕོ་གསར་རག་དུས།
ཨ་ཕའི་དངུལ་ལོ་བོར་འདུག
མདང་དགོང་མཚན་ལྗོངས་དཀྱིལ་དུ།
བཟའ་འཁོན་ཀི་སྒྲ་འཐེན་འདུག།
ཕྲུ་གུ་སློབ་གླིང་བོར་ནས།
ལྷ་སའི་གླིང་བཞི་བསྐོར་འདུག
འཁྱམ་མྱུར་ངར་བའི་དུས་ནས།
མི་ཚེའི་མདུན་ལམ་སྟོང་འདུག།
ཕོ་གཞོན་རྐུ་ཆེན་གྱུར་འདུག
མོ་གཞོན་ལུས་ཚོང་གཉེར་འདུག་
མི་ཚོགས་སྨྱོ་ལ་ཉེ་འདུག
སེམས་པ་འཁྱག་ལ་སྦྱར་འདུག།
ལྷ་ས་ལྷ་ཡི་ཞིང་ཁམས་།
དེང་དུས་འདྲེ་ཡི་གཤེན་ས།
སེམས་ལ་བདེ་བ་མེད་པའི།
ཕོ་བྲང་དུད་ཐང་ལུས་འདུག།
སྤུན་ཟླ་གནས་སྟངས་བསམ་ནས།
སེམས་ཀྱི་མཆི་མ་ཐོར་སོང༌།
ཀླ་ཀློའི་གདུག་རྩུབ་འོག་ནས།
ཐར་བའི་སྨོན་ལམ་འདེབས་ཡོད།༎།
2010ཟླ་3ཚེས30ཉིན་གདོང་དེབ་དྲ་བར་གཞིས་ཀྱི་སློབ་ཆེན་བ་སྤུན་ཟླ་ཞིག་གིས་ལྷ་སའི་ཇ་ཁང་ཞེས་པའི་རྩོམ་ཐུང་ཞིག་བཀོད་པར་ལན་དུ་བྲིས།
