ཆོས་འཇིག་སེམས་ཀྱི་ངལ་བ།
དཀར་པོ་དམ་ཆོས་བསྒྲུབ་ལ་རྐྱེན་ངན་མང་། །
འཇིག་རྟེན་མི་ཆོས་བྱེད་ལ་གོམས་པ་མེད། །
ཆོས་དང་འཇིག་རྟེན་འཕུང་བའི་ཉམས་ཐག་ང་། །
གནས་འདི་མི་འདུག་ཕྱི་མར་འགྲིམས་ན་བསམ། །
མི་གཞན་གོང་དུ་བཀུར་ན་བྲན་དུ་འགྱུར། །
རང་ཉིད་གོང་དུ་སྡོད་ན་མཁྲེགས་འཛིན་ཆགས། །
བཏང་སྙོམས་བར་ལ་གནས་ན་གླང་པོར་འཛིན། །
སྲིད་འདིར་མི་ཆགས་སྲིད་པ་གཞན་ཞིག་འཚོལ། །