༧རྒྱལ་བ་རིན་པོ་ཆེ་མཆོག་གིས་བཀའ་གང་གནང་བ་དེ་ས་ཆ་གང་འདྲ་ཞིག་དང་དུས་ཚོད་ག་དུས་ཡིན་ནའང་མ་བརྗེད་པ་བྱེད་དགོས།
དཔལ་ས་སྐྱ་གོང་མ་བདག་ཁྲི་རིན་པོ ་ཆེ་མཆོག་གིས་བོད་ནས་ཕེབས་པའི་ ཆོས་ཞུ་བ་རྣམས་ལ་༧གོང་ས་༧་རྒྱལ་ བ་རིན་པོ་ཆེ་མཆོག་གིས་བཀའ་གང་ གནང་བ་དེ་ས་ཆ་གང་འདྲ་ཞིག་དང་དུ ས་ཚོད་ག་དུས་ཡིན་ནའང་མ་བརྗེད་པ་ བྱེད་དགོས་པ་དེ་གལ་ཆེན་པོ་རེད་ ཅེས་བཀའ་སློབ་གནང་སོང་།
ཕྱི་ལོ་༢༠༡༧ ཟླ་༡ ཚེས་༡༠ ཉིན་གནས་མཆོག་རྡོ་རྗེ་གདན་དུ་དེ་ཡང་ཐོག་མར་དཔལ་ས་སྐྱ་གོང་མ་ བདག་ཁྲི་རིན་པོ་ཆེ་མཆོག་གིས་བོ ད་ནས་ཕེབས་པའི་ཆོས་ཞུ་བ་རྣམས་ལ། གནས་ཁྱད་པར་ཅན་ལ་༧གོང་ས་སྐྱབས་ མགོན་ཆེན་པོ་མཆོག་གིས་ཟབ་ཅིང་རྒྱ ་ཆེའི་དཔལ་དུས་ཀྱི་འཁོར་ལོའི་ དབང་ཆེན་ཞུ་རྒྱུའི་སྐལ་པ་བཟང་པོ ་དེ་འདྲ་ཞིག་ལ་ང་ཚོ་མཉམ་དུ་འཛོ མས་པ་དང་། དམིགས་བསལ་བོད་ནས་ཕེབས་པ་དང་འདིར ་འཛོམས་པ་ཚང་མར་མཛའ་བརྩེ་ལྡན་ པའི་འཚམས་འདྲི་ཡོད་ཅེས་གསུངས་སོང་།
ཁོང་གིས་ཆོས་ཟེར་བ་དེ་སོ་སོས་ ཉམས་སུ་ལེན་དགོས་པ་ཞིག་ལས་མི་ གཞན་ཞིག་གིས་བྱེད་ནས་གོ་ཆོད་པ་ དང་སོ་སོས་བྱེད་མི་དགོས་པ་ཞིག་ མིན་སྐོར་དང་། ང་ཚོས་ད་ལྟ་སྤྱིར་མི་ལུས་དང་དེ འི་ནང་ནས་དལ་འབྱོར་གྱི་མི་ལུས། ཡང་སྒོས་སུ་འཕགས་མཆོག་ཕྱག་ན་པདྨོ འི་རྗེས་སུ་འཛིན་པ་དེ་འདྲིའི་སྐ ལ་བ་དང་གོ་སྐབས་བཟང་པོ་ཞིག་ཡོད་ དུས་རང་གིས་རང་མི་བསླུ་བ་ཞིག་བྱེ ད་དགོས་གལ་གནད་ཡིན་སྐོར་དང་།
མི་སུ་ཞིག་ཡིན་ནའང་སྡིག་པ་མི་བྱེ ད་རྒྱུ་དང་དགེ་བ་སྒྲུབ་འདོད་ཀྱི ་བློ་ཡོད་པ་དང་། ཡག་པོ་ཞིག་བྱེད་དགོས། སྐྱིད་པོ་བདེ་བོ་ཞིག་བྱུང་ན་ བསམ་མཁན་ཞིག་མ་གཏོགས། ངས་སྡུག་པོ་ཞིག་བྱེད་དགོས་ བསམས་པ་སུ་ལ་ཡང་མེད་ཀྱང་། རང་གི་སེམས་རྒྱུད་མ་དུལ་དུས་བྱེ ད་ཐུབ་ཀྱི་མེད་སྟབས། སེམས་རྒྱུད་འདུལ་ཐབས་སུ་འབད་རྩོ ན་བྱེད་དགོས་པ་གལ་ཆེན་པོ་ཡིན་སྐོ ར་བཀའ་གནང་སོང་།
ཁོང་གིས་མུ་མཐུད་ནས་བཀའ་གནང་དོན། ཐེངས་འདིར་ཁྱེད་རང་ཚོ་དཀའ་བ་དང་ དུ་བླངས་ནས་གསུངས་ཆོས་དང་དུས་ འཁོར་དབང་ཆེན་ཞུ་རྒྱུའི་གོ་སྐ བས་ཐོབ་པར་ཧ་ཅང་གི་སྐལ་བ་བཟང་པོ ་ཡིན་དུས། ༧ གོང་ས་༧རྒྱལ་བ་རིན་པོ་ཆེ་མཆོག་ གིས་བཀའ་གང་གནང་བ་དེ་ས་ཆ་གང་འདྲ ་ཞིག་དང་དུས་ཚོད་ག་དུས་ཡིན་ནའང་ མ་བརྗེད་པ་བྱེད་དགོས་རྒྱུ་གལ་ཆེ ན་པོ་ཡིན་ལ། ༧གོང་ས་མཆོག་གིས་བཀའ་གང་གནང་བ་ དེ་ཡང་ནས་ཡང་དུ་དྲན་གསོ་གཏོང་ དགོས་པ་དང་། ཡང་ནས་ཡང་དུ་ཡིད་ལ་འཇགས་པ་བྱས་ ནས་ཉིན་ཞག་རེ་རེའི་ནང་ལའང་ཉམས་ ལེན་བྱེད་ཐུབ་པ་ཞིག་བྱུང་ན། ཚེ་འདིའི་རྐྱེན་བར་ཆད་སེལ་ཆེད་ ཟེར་ན་འདྲ། སྐྱེ་བ་ཕྱི་མའི་ལམ་རྒྱག་ཟེར་ན་ འདྲ། འདི་ཕྱིའི་ལེགས་ཚོགས་ཐམས་ཅད་ནང་ བླ་མའི་བཀའ་སྒྲུབ་པ་ལས་ལྷག་པ་ཅི ག་ཡོད་པ་མ་རེད་ཅེས་གསུངས་སོང་།
རྡོར་གདན་ནས་གསར་འགོད་པ་ཐུབ་བསྟ ན་བཀྲ་ཤིས་ཀྱིས།
