རྒྱ་ནག་གི་སྤྲོ་སེང་གླིང་ག་ནས་བུ་མོ་ཞིག་བརྡབ་སྐྱོན།
ཟླ་འདིའི་ཚེས་༥ ཉིན་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟ་ན། རྒྱ་ནག་གི་དབུས་སུ་ཡོད་པའི་སྤྲོ་སེང་གླིང་ག་རུ་ན་གཞོན་བུ་མོ་ཞིག་ལྕགས་འཁོར་གྱི་སྐོར་སྐྱོད་མགྱོགས་ཐག་ཆོད་ནས་ལྕགས་འཁོར་གྱི་ཕྱི་ལོགས་སུ་གཡུག་ནས་གྲོངས་འདུག
ཁོ་མོ་ལྕགས་འཁོར་གྱི་སྟེང་ནས་གཡུག་ཚར་བ་དང་སྨན་ཁང་ལ་འཁྲིད་ཀྱང་། རྗེས་སུ་གྲོངས་ཡོད་འདུག
བརྟག་དཔྱད་བྱས་པ་བརྒྱུད་ནས་ཐོག་ནས་རྐུབ་སྟེགས་ཀྱི་བདེ་འཇགས་སྐེ་རགས་ཆད་ཡོད་པ་དང་། འགྲུལ་བཞུད་པ་ཚོའི་བདེ་འཇགས་ཀྱི་ལྕགས་ཁྲ་དེ་ཙམ་གྱི་བརྟན་པོ་མེད་པ་ཤེས་རྟོགས་བྱུང་ཡོད་འདུག
ཁོ་མོའི་ནང་མི་ཁོ་ཚོའི་ཕྲུ་གུ་གཅིག་པུ་དེ་གྲོངས་པའི་རིན་པ་རྒྱ་སྒོར་འབུམ་བརྒྱད་དང་ཁྲི་བདུན་གྱི་གུན་གསབ་ལེན་རྒྱུའི་ཐག་གཅོད་སྤྲོ་གསེང་གླིང་ག་དང་མཉམ་དུ་བྱས་ཡོད་འདུག
རྒྱ་ནག་གི་བདེ་འཇགས་སྟངས་འཛིན་ལས་ཁང་གིས་སྤྲོ་གསེང་ལས་ཁང་དེ་དང་གཞན་པ་རྣམས་ལ་ལྕགས་འཁོར་གྱི་སྐོར་སྐྱོད་དེའི་རིགས་རྣམས། གནས་སྐབས་རིང་མཚམས་འཇོག་བྱེད་དགོས་པ་དང་། དེ་དག་གི་བདེ་འཇགས་བྱེད་ལས་ལ་བརྟག་དཔྱད་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག །
གསར་འགོད་སྦྱོང་བརྡར་བ་ཀུན་དགའ།