ཕྱི་རྒྱལ་དུ་ཡོད་པའི་བོད་པ་ཚོར་རེ་བ་བྱེད་ཀྱི་ཡོད་པ་རེད།
དེ་ཡང་ཐོག་མར་གཞོན་ནུའི་གྲོས་ཚོགས་ཀྱི་ཚོགས་གཙོ་བསྟན་སྒྲོན་ལགས་ཀྱིས་ཕེབས་བསུའི་གསུང་བཤད་དང། ཕྱི་རྒྱལ་དུ་ཡོད་པའི་གཞོན་སྐྱེས་ཚོས་བོད་ཀྱི་ཛ་དྲག་གི་དུས་སྐབས་འདིར་འགན་ཆེན་པོ་འཁྱེར་དགོས་ཀྱི་ཡོད་སྐོར། ཕྱི་ལོ་༢༠༠༢ ལོར་ཁོང་བོད་དུ་ཐོག་མར་བསྐྱོད་སྐབས་བོད་ནང་གི་བོད་མི་ཚོས་ཕྱི་རྒྱལ་དུ་ཡོད་པའི་བོད་པའི་ན་གཞོན་ཚོར་རེ་བ་ཆེན་པོ་བྱེད་ཀྱི་ཡོད་པ་དངོས་སུ་མྱོང་ཚོར་བྱུང་བའི་ལོ་རྒྱུས་ཤིག་སྙན་སྒྲོན་ཞུས་ཡོད། དེ་བཞིན་ཁོང་ཚོས་བོད་ཀྱི་ཐུན་མིན་གྱི་རིག་གཞུང་དང། ཆབ་སྲིད་ཀྱི་ཐོག་ལས་འགུལ་མང་དག་ཅིག་སྤེལ་གྱི་ཡོད་པ་སོགས་སྙན་སྒྲོན་ཞུས་ཡོད་པ་རེད། དེ་ནས་ྋགོང་ས་མཆོག་གིས། བོད་ནང་གི་བོད་མི་ཚོ་དཀའ་སྡུག་འོག་གནས་ཡོད་པ་དང། ཁོང་ཚོས་ཕྱི་རྒྱལ་དུ་ཡོད་པའི་ཡོད་པ་ཚོར་རེ་བ་ཆེན་པོ་བྱེད་ཀྱི་ཡོད་པ་རེད། ང་ཚོ་བཙན་བྱོལ་དུ་ཡོད་མཁན་བོད་པ་ཚོ་དང། ལྷག་པར་དུ་གཞོན་སྐྱེས་ཚོར་ལས་འགན་ཆེན་པོ་ཞིག་འཁྲིས་ཡོད། བོད་པའི་མི་ཐོག་རྙིང་པ་རྣམས་རིམ་པས་རྫོགས་འགྲོ་ཡི་ཡོད་པ་དང་མི་ཐོག་གསར་པ་ཚོས་བོད་པའི་ཆོས་དང༌། རིག་གཞུང། སྐད་ཡིག་སོགས་མི་རབས་ནས་མི་རབས་རྒྱུན་མཐུད་ཐུབ་པ་བྱེད་དགོས་ཀྱི་རེད་ཅེས་བོད་ནང་གི་བོད་མི་ཚོའི་དཀའ་ངལ་དང། བོད་རྒྱ་འབྲེལ་མོལ་གྱི་སྐོར་སོགས་བླང་དོར་བཀའ་སློབ་གནང་ཡོད་པ་རེད། སུད་སི་རྒྱལ་ཁབ་དུ་དེའི་ནང་དུ་རྒྱལ་ཁབ་འདྲ་མིན་བཅུ་གཅིག་ཙམ་ནས་བོད་མི་གཞོན་སྐྱེས་༡༦༠ ཙམ་མཉམ་ཞུགས་གནང་ཡོད་པ་བཅས་ཀྱི་གནས་བསྡུས་སུ།།