དྷ་སར་རྒྱ་གར་དང་ཨོ་སི་ཀྲོ་ལི་ཡའི་བར་དབྱུག་རྩེད་སྤོ་ལོ་རྩེད་རྒྱུ།
རྒྱ་གར་ཧི་མ་ཅཱལ་མངའ་སྡེའི་དྷ་ས་གྲོང་རྡལ་གྱི་དབྱུག་རྩེད་སྤོ་ལོའི་རྩེད་རྭར། རྒྱ་གར་དང་ཨོ་སི་ཀྲོ་ལི་ཡའི་རྒྱལ་ཁབ་གཉིས་ཀྱི་རུ་ཁག་བར། རྒྱུན་རིང་(Test match) གི་དབྱུག་རྩེད་འགྲན་སྡུར་བྱ་རྒྱུ་ཡིན་འདུག་པ་དང་། དེ་ལ་བརྟེན་ནས་ལྡི་ལི་ནས་དྷ་སར་བསྐྱོད་མཁན་གྱི་གནམ་གྲུའི་རིན་གོང་༡༥༠༠༠ ནས་༢༠༠༠༠ བར་ཡར་འཕར་ཡོད་འདུག
ཟླ་འདིའི་ཚེས་༢༥ ཉིན་ནས་རུ་ཁག་གཉིས་བར་རྒྱུན་རིང་གི་དབྱུག་རྩེད་འགྲན་སྡུར་བྱ་རྒྱུ་ཡིན་འདུག་པ་དང་། རྩེད་འགྲན་དེ་ཉིན་བཞི་ལྷག་འགོར་སྲིད་པ་རེད་འདུག དེ་ཡང་དྷ་སར་དེ་སྔོན་ཉིན་གཅིག་དང་དུས་ཐུང་གི་དབྱུག་རྩེད་སྤོ་ལོ་རྩེད་འགྲན་བྱས་ཡོད་པ་ལས། རྒྱུན་རིང་གི་དབྱུག་རྩེད་འགྲན་སྡུར་བྱས་པ་ཐེངས་དང་པོ་ཡིན་པས། ཉེ་འཁོར་གྱི་ས་ཁུལ་ཁག་ནས་ལྟད་མོ་བལྟ་མཁན་མང་པོ་སླེབས་རྒྱུ་ཡིན་པ་ཚོད་དཔག་བྱེད་ཀྱི་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།