སྤུན་ཟླ་ལགས། ཞི་བར་གཤིགས་རོགས།
ཁྲག་དམར་འཛར་རེར།
ས་གཞིའི་མཚོན་མདོག་བསྒྱུར་སོང༌།
ང་རང་ཤིན་ཏུ་ངུ་འདོད་ཀྱང༌།
མིག་ནང་མཆི་མ་མི་འདུག
ངས་འབོད་སྒྲ་ཧ་ཅང་བསྒྲོག་འདོད་ཀྱང༌།
ངག་སྒོ་འགག་འདུག
སྤུན་ཟླ་ལགས། ཁྱེད་ཚོར་ནག་ཉེས་མེད།
ཡོངས་རྫོགས་བགྱི་མཁན་དྲག་པོ་ཚོའི་བྱ་ལས་རེད།
ཁོ་ཚོས་ས་གཞི་ཨ་མའི་ཡ་ཆུང་སྙིང་ལ།
གྲི་བཤག་ཐེངས་མང་བརྒྱབ་སོང༌།
ཁོ་ཚོས་མཛེས་པའི་ཡུལ་ལྗོངས་ཀྱི་།
ཉིང་ཁུ་ཡོངས་རྫོགས་རྔུབ་སོང༌།
ཁོ་ཚོས་ད་དུང་ཡང་གཅིག་མཚུངས་ཀྱི་ཚེ་སྲོག་ལ།
དགྲར་འཛིན་སྡང་སེམས་ཀྱིས་བཙིར་སོང༌།
འདི་ནི་རྐྱེན་ངན་གྱི་དོན་དངོས་རེད་ལ།
འདི་ནི་སྨྱོ་ཧམ་གྱི་བྱུང་འབྲས་ཀྱང་རེད།
འདི་ནི་ལས་འབྲས་ལྡོག་པའི་བྱ་བ་རེད།
སྤུན་ཟླ་ལགས། ཁྱེར་ཚོར་ཉེས་པ་མེད།
གདུག་རྩུབ་ཀྱི་མི་སྡུག་པ་དེར་ཕྱི་མིག་མ་གཟིགས།
ཁྱེད་རྣམ་དང་གཙང་གི་སྤྱན་ཟུང་བཙོག་དྲིས་སྦགགས་ཡོང༌།
ཕྱི་མའི་ལམ་མདོ་ནས་ཀྱང༌།
འཇིགས་སྣང་མི་དགོས།
རེ་འདུན་རྫོགས་པའི་གླིང་ཆེན་འདིར།
ཕྱི་མིག་མ་གཟིགས་རོགས།
ཉེས་དམིགས་དབེན་པའི་ཡིད་ཀྱི་དང་གཙང་འཁྱེར་ནས།
སྤུན་ཟླ་ལགས། ཁྱེད་ཚོར་ཉེས་པ་མེད་པ་མཁྱེན་དགོས།
རྣམ་གྲོལ་གྱི་སྤྲོ་བས་ཁེངས་ནས།
སྤུན་ཟླ་ཚོ།
ལྷ་ལམ་གྱི་ཞིང་དུ།
བདེ་བར་ཕེབས་།
ཞི་བར་གཤིགས།
ཟླ་4ཚེས་17ཉིན་།
