པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ད་ལྟ་ག་འདྲ་ཞིག་ཆགས་ཡོད་ཀྱི་རེད།
དེ་བཞིན་ཉིན་དེར་པཎ་ཆེན་རིན་པོ་ཆེ་དང་འབྲེལ་བའི་བརྗོད་གཞིའི་ཐོག་རྩོམ་ཡིག་བྲིས་ཏེ་ལས་འགུལ་ཞིག་ཀྱང་སྤེལ་ཡོད་པ་རེད། དགུང་ལོ་དྲུག་ཡིན་པའི་སྐབས་ཀྱི་སྐུ་པར་ལ་དཔེ་བལྟས་ཏེ། ད་ལྟ་ག་འདྲ་ཆབས་ཡོད་མེད་སྐོར་ལ་རི་མོ་བྲིས་པ་དག་ལས། ཁ་ཤས་ཀྱིས་གྲྭ་པ་ཞིག་གི་གཟུགས་རྙན་རིང་བྲིས་ཡོད་པ་དང། ཁག་ཅིག་གིས་དང་དུས་ཀྱི་ཆས་གོས་གྱོན་པའི་ཕོ་སར་ཞིག་གི་སྣང་བརྙན་བྲིས་ཡོད་པ་རེད། དེ་བཞིན་ཁོང་རྒྱ་ནག་གཞུང་གི་བཙན་ཁྲིད་བྱས་ཏེ། ད་ལྟ་གར་ཡོད་ཙམ་ཡང་ཤེས་ཀྱི་མེད་པར་བརྟེན། བཙོན་པོ་ཞིག་གི་སྣང་བརྙན་བྲིས་ཡོད་པ་རེད། དོན་དངོས་སུ་པཎ་ཆེན་རིན་པོ་ཆེ་ད་ལྟ་གནས་སྟངས་ག་འདྲ་ཡིན་མིན་མ་ཤེས་པ་མ་ཟད། སྐུ་འཚོ་བཞུགས་ཡོད་མེད་ཀྱང་ཤེས་རྟོགས་མེད་པས། བོད་མི་མང་གི་དད་མོས་བྱེད་སའི་ཡང་སྤྲུལ་དེ་ག་འདྲ་འཚོལ་ཐབས་བྱེད་ཐུབ།།