ས་སྲོད་ཀྱི་སྐྱོ་གཞས།

ཚོ་ཀླུང་ངང་ངུར་ཆ་འགྲོས།།

གསང་གཏམ་མཚོ་མོར་ལབ་སོང་།།

མཚོ་མཐའི་ཕ་བོང་རྒས་པོར།།

ཕྱིར་དྲན་བྱ་འདོད་མི་འདུག།

ཆུང་འདྲིས་རྩེད་ཡ་དགོད་གྲོགས།།

རྒྱང་རིང་ཡུལ་ན་ལྷག་ཡོད།།

སྨྱུག་གླིང་རྒྱང་འབུད་ཀན་གིས།།

སྐྱོ་དུབ་རྔམ་པ་གློད་ཀྱང་།།

གཏན་དུ་ཐོས་ཐབས་བྲལ་བས།།

ལན་གཅིག་གསན་སྣང་མི་སྐྱེས།།

བློས་ཐུབ་སྙིང་གི་མཛའ་གཤིས།།

ཤ་རུས་གསེང་ནས་དྲན་ཡོད།།             ༢༠༠༩ ༩ ༡༠