ཡིད་འཕྲོག་བའི་བདེ་ཆེན་སྒྲོལ་དཀར།

བཞིན་རས་དཀར་ལ་དྭངས་བའི་འཛུམ་གྱིས་བསུ།།
གཞན་སེམས་འགུགས་པའི་གསུངས་ལ་མཁས་ཅན་མ།།
འདོད་པའི་མྱོས་བུམ་ཅུང་ཙམ་ཆུང་ན་ཡང༌།།
ལང་ཚོའི་ཚང་ར་བཟང་ཞིང་འགྲོ་འོང་ལེགས།།
གནག་ཅིང་སྣུམ་པའི་སྐྲ་ལོ་ཡེངས་ཡེངས་བསྐྱོད།
གཞོན་ནུ་རོལ་ལྡན་ལུས་ནས་དྲི་བསུང་ཐུལ།།
དར་ལ་བབས་པའི་ཁུ་བའི་བདག་ཉིད་ཅན།།
ཁྱོད་ཀྱི་མགྲོན་དུ་ཕྱིན་པར་སྙིང་རེ་རྗེ།།