རིན་ཐང་རྒྱ་སྒོར་དུང་ཕྱུར་ཆིག་ཁྲི་ལས་བརྒལ་བའི་གཏེར་ཁ།
འདས་པའི་ཉམས་མྱོང་ལ་གཞིགས་ན་གཏེར་ཁ་སྔོག་འདོན་བྱས་ནས་རང་བྱུང་ཁོར་ཡུག་ལ་གནོད་སྐྱོན་ཆེན་པོ་གཏོང་བཞིན་པ་མ་ཟད། དེ་ལ་བརྟེན་ནས་ཡོང་འབབ་ཀྱིས་ས་གནས་མི་མང་ལ་ཕན་ཐོགས་གང་ཡང་ཡོང་གི་མེད་པ་རེད། བོད་ལྗོངས་ཉིན་རེའི་ཚགས་པར་གྱིས་གནས་ཚུལ་སྤེལ་གསལ་ལྟར་ན། “གསར་འགོད་པས་ནག་ཆུ་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་དང་རང་སྐྱོང་ལྗོངས་ས་གཤིས་རྟོག་ཞིབ་ཅུས་གཉིས་ཀྱིས་བསྡུས་པའི་ལས་དོན་མཐུན་སྦྱོར་ཚོགས་འདུའི་སྟེང་ཤེས་རྟོགས་བྱུང་བའི་གནས་ཚུལ་ལྟར་ན། ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་ས་གཤིས་ལས་དོན་གྱི་དངོས་ཡོད་གནས་ཚུལ་ལ་གཞིགས་ནས། རྨང་གཞིའི་རང་བཞིན་དང་སྤྱི་ཕན་རང་བཞིན་གྱི་ལས་དོན་ཧུར་ཐག་ངང་སྤེལ་བས། རྒྱལ་ཁབ་ཀྱི་འཐབ་ཇུས་ཐོན་ཁུངས་རྟེན་གཞི་དང་རང་སྐྱོང་ལྗོངས་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་གོང་དུ་འཕེལ་བར་མཁོ་བའི་རྒྱུ་ཤུགས་ག་ཙམ་ཡོད་པ་རྩད་གཅོད་བྱེད་པའི་རྨང་གཞིའི་རང་བཞིན་གྱི་བྱེད་ནུས་འདོན་སྤེལ་བྱས་ཤིང་། ད་སྔའི་བར་རང་སྐྱོང་ལྗོངས་ཁོངས་སུ་གཏེར་སྣ་༡༠༢ ཙམ་དང་། གཏེར་ལས་ཐོན་ཁུངས་ཀྱི་ཉར་གཏེར་སྣ་ཚོགས༤༡ ཙམ་རྩད་ཆོད་བྱུང་བ། གཏེར་ཁ་༡༠༠ ཙམ། གཏེར་ས་༢༠༠༠ ཙམ་བཅས་གསར་རྙེད་བྱུང་ཡོད་ལ། བསྔོག་བྱའི་གཏེར་ལས་ཐོན་ཁུངས་དེ་དག་གི་རིན་ཐང་ཕལ་ཆེར་སྒོར་དུང་ཕྱུར་ཆིག་ཁྲི་ལས་བརྒལ་ཡོད་པ་ཤེས་རྟོགས་བྱུང་བ་རེད།” ཅེས་གོང་གསལ་གསར་ཤོག་དང་རྒྱ་ནག་གི་གཞུང་འབྲེལ་གསར་ལམ་ཁག་ཏུ་གནས་ཚུལ་འདོན་སྤེལ་བྱས་ཡོད་པ་རེད།
|
༄༅།། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་ཀྲུང་གོ་དང་རྒྱ་གར་གཉིས་ཀྱིས་གྲོས་མོལ་བརྒྱུད་ནས་མཐའ་མཚམས་གནད་དོན་ཐག་གཅོད་རྒྱུར་འབད་པ་བྱེད་བཞིན་ཡོད་པའི་སྐོར་བརྗོད་པ། རྒྱ་ནག་དབུས་གཞུང་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཅང་ཡུས་ཀྱིས་ཚེས་༡༡ ཉིན་བརྗོད་པ་ལྟར་ན། རྒྱ་ནག་ཕྱོགས་ནས་རྒྱ་གར་མཐའ་མཚམས་བར་གྱི་གནད་དོན་ཐད་བཟུང་བའི་ལངས་ཕྱོགས་ནི་ཐོག་མཐའ་བར་གསུམ་དུ་གསལ་བོ་ཡིན་ཞིང་འགྱུར་བ་མེད་ལ། ཕྱོགས་གཉིས་ཀྱིས་གྲོས་མོལ་བརྒྱུད་ནས་གནད་དོན་དེ་ཐག་གཅོད་བྱེད་པའི་ཐད་འབད་པ་བྱེད་བཞིན་ཡོད་པའི་སྐོར་བསྟན་པ་རེད། |
གོང་གསལ་གྱི་གཏམ་དེ་ནི་ཅང་ཡུས་ཀྱིས་གསར་འགོད་པས་འབྲེལ་ཡོད་ཀྲུང་གོ་དང་རྒྱ་གར་བར་གྱི་མཐའ་མཚམས་གནད་དོན་ཐད་བཏོན་པའི་དྲི་བར་ལན་བསྐྱོན་སྐབས་བརྗོད་པ་ཡིན་ཞིང་། ཁོ་མོས་ད་དུང་འདི་སྐད། ཀྲུང་གོ་དང་རྒྱ་གར་ཕྱོགས་གཉིས་ཀྱིས་མཐའ་མཚམས་གནད་དོན་ཐག་གཅོད་མ་བྱས་གོང་། མཉམ་དུ་མཐའ་མཚམས་ས་ཁུལ་གྱི་ཞི་བདེ་དང་ཞོད་འཇགས་སྲུང་སྐྱོབ་བྱེད་ཆེད་འབད་པ་བྱེད་རྒྱུའི་ཐད་ལྟ་བ་གཅིག་མཐུན་བྱུང་ཡོད་ཅེས་དང་། ཀྲུང་ཕྱོགས་ཀྱིས་ཀྲུང་གོ་དང་རྒྱ་གར་བར་གྱི་མཐའ་མཚམས་ས་ཁུལ་དུ་འགུལ་སྐྱོད་བྱེད་སྐབས་ཐོག་མཐའ་བར་གསུམ་དུ་གོང་སྨྲས་ཀྱི་རྩ་དོན་བརྩི་སྲུང་བྱས་ཡོད་ཅེས་བརྗོད་བྱུང་།
