བཀྲ་རྣམ་ལགས་ཐབས་ཤེས་གང་ཡོང་ཞུ་ཆོག
འདི་ནས་གོམ་པ་གང་ཕྱིར་ནུད་བརྒྱབ་ན་སྔོན་ཐོན་གྱི་དྲ་འབྱེད་མཉེན་ཆས་དེ་དག་གི་ནང་དུ་བོད་ཡིག་འཆར་མི་ཐུབ་པའི་དཀའ་ངལ་ཡང་ཡོང་སྲིད་ཀྱི་རེད། དཔེར་ན་ཁྱེད་ཀྱིས་ mozilla firefox 3.6 ནང་བོད་གཞུང་གི་དྲ་རྒྱ་www.tibet.net ལ་གཟིགས་དང་། དབྱིན་ཡིག་ལས་བོད་ཡིག་གཏན་ནས་མཐོང་གི་མ་རེད། དེར་བརྟེན་དཀའ་ངལ་འདི་ཧ་ཅང་ཆེན་པོ་རེད། དཀའ་ངལ་འཕྲད་རྐྱེན་གཙོ་བོ་ནི་དེང་སྐབས་གློག་ཀླད་དང་མཉེན་ཆས་བཟོ་མཁན་ཚང་མས་གསར་པ་གང་མང་མང་ཐོན་ཐབས་ཀྱིས་རྙིང་པ་བེད་སྤྱོད་མེད་པ་མ་བཟོས་ན་གསར་པ་ཚོང་ཡོང་ཐབས་མེད་པས་འདི་ལྟར་ཆེད་དུ་བཟོ་བཞིན་པ་རེད། ཤོད་སྟངས་ཤིག་ལ་གློག་ཀླད་ནང་གི་ནད་དུག་བཟོ་མཁན་དང་། དེའི་བཅོས་ཐབས་ཀྱི་མཉེན་ཆས་བཟོ་མཁན་གཅིག་པ་ཡིན་པས། ན་ཚ་མེད་ན་སྨན་བཅོས་བྱེད་ཡུལ་མེད་པ་དང། ན་ཚ་རྙིང་པ་ལས་མེད་ན་བཅོས་ཐབས་རྙིང་པ་ཁྱབ་གདལ་དུ་སོང་ཟིན་པས་ཡོང་འབབ་མེད་སྟབས། སླར་ཡང་སྔོན་མའི་བཅོས་ཐབས་ཀྱིས་བཅོས་མི་ཐུབ་པའི་ན་ཚ་གསར་པ་དང་བཅོས་ཐབས་གསར་པ་བཟོ་བ་སོགས་ཚོང་ཁེ་ཡོང་བའི་ཐབས་ཤེས་ལུ་གུ་རྒྱུད་དུ་སྤེལ་བཞིན་པར་བརྟེན། འུ་ཅག་ལའང་ཁྲོམ་རའི་འཐབ་རྩོད་དེའི་ཁྲོད་ནས་དཀའ་ངལ་འཕྲད་བཞིན་ཡོད་པ་རེད།
གློག་ཀླད་ནང་གི་མཉེན་ཆས་ཅུང་གསར་པ་ཡིན་ཡང་ཧི་མ་ཡ་ལ་ནང་འཇུག་བྱེད་སྟངས་མ་འགྲིག་པ་དང་། Internet Explorer ནང་འཇུག་ཡག་པོ་བྱེད་མ་ཐུབ་པ་སོགས་ཀྱིས་སྐབས་རེ་ཟིན་བྲིས་ཀྱི་ནང་དོན་དང་ཟིན་བྲིས་སྤེལ་མཁན་གཞན་ཞིག་གི་མིང་དང་འདྲ་པར་འཆར་གྱི་ཡོད་པ་རེད། དཀའ་ངལ་འདིར་སེལ་བར་འདི་ནས་ཐབས་ཤེས་གང་ཡོད་བྱེད་ཆོག་ལ། དགོངས་ཚུལ་དེ་ལྟར་གསུངས་པར་སེམས་གཏིང་ནས་བསྔགས་བརྗོད་དང་ཐུགས་རྗེ་ཞུ་བཞིན་ཡོད།
གནད་དོན་འདི་ཐག་གཅོད་བྱེད་པར་ལག་རྩལ་དང་ཉམས་མྱོང་ལ་རག་ལས་པ་ཞིག་རེད། འོན་ཀྱང་ད་ལྟའི་ཆར་ཉིན་༡༥ ཙམ་ལ་ང་ཚོའི་དྲ་རྒྱའི་ཆེད་ལས་ལག་རྩལ་བ་གུང་སེང་དུ་ཕྱིན་པ་རེད། དེའི་བར་དུ་དཀའ་ངལ་སེལ་ཐབས་མི་འདུག དེའི་རྗེས་སུ་གང་ཡོང་ཇི་ཡོང་བྱེད་ཆོག ཁྱེད་ཀྱིས་ལྷག་བསམ་ཆེན་པོས་འགྲོ་སོང་གི་ཐོག་ལ་ཞལ་འདེབས་གནང་རྒྱུ་སོགས་ཀྱི་དགོངས་ཚུལ་གསུངས་པར་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། གནད་དོན་འདིའི་ཐོག་ལ་ཞལ་འདེབས་ཞུ་དགོས་པ་གང་ཡང་མེད་པས་བསྐྱར་དུ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
དྲ་འབྱེད་མཉེན་ཆས་ mozilla firefox 3.6 གསར་ཤོས་དེ་རེད། དེ་བེད་སྤྱོད་གནང་ན་དཀའ་ངལ་གང་ཡང་མེད། འདིའི་ནང་དུ་བོད་ཡིག་འབྲི་བའི་སྐབས་ཡིག་འབྲུ་ཁ་འཐོར་བ་ལྟ་བུ་ཡོང་གི་ཡོད་པ་དེ་ལའང་གློག་ཀླད་ཀྱི་ནང་དུ་སྒྲིག་རྒྱུ་ཡོད་པ་རེད། བསྒྲིགས་ཟིན་པའི་རྗེས་སུ་ཡི་གེ་བྲིས་ན་ཁ་གཏན་ནས་མི་འཐོར་བ་ཡོང་གི་འདུག གནས་སྐབས་ཁྱེད་ཀྱིས་དགོངས་ཚུལ་ག་རེ་གསུངས་འདོད་ཡོད་པ་དེ། Microsoft Word ནང་དུ་བྲིས་ནས་Copy དང་Paste གནང་ན་ཡིག་ནོར་མི་ཤོར་བ་སོགས་ལ་ཕན་ཐོགས་ཆེན་པོ་ཡོད།
ད་ལྟའི་ཆར་དྲ་འབྱེད་མཉེན་ཆས་ཡག་ཤོས་Google Chrome འདི་ཉིད་འདི་གའི་དྲ་རྒྱའི་མདུན་ངོས་སུ་ཕབ་ལེན་བྱེད་ཆོག་ཆོག་ཏུ་བཞག་ཡོད་པ་དེ་ཕབ་ལེན་དང་ནང་འཇུག་བྱས་ན། དཀའ་ངལ་གང་ཡང་མེད་པ་དང་། གཙོ་ཆེ་ཤོས་དྲ་འབྱེད་མཉེན་ཆས་ཀྱི་རིགས་ག་ཚོད་གསར་པ་ཡིན་པ་དང་། ནང་འཇུག་བྱེད་སྟངས་ག་ཚོད་ཡག་པོ་ཡོད་པ་དེའི་ཚོད་ཀྱིས་ཁྱེད་ལ་དཀའ་ངལ་ཆུང་གི་རེད།
