སྙིང་དམར་པོའི་འཕར་ལྡིང
འགྲོ་བར་བརྩེ་སེམས་མི་གཅིག་སྤྱང་དང་ལུག
ལག་ཏུ་སྨྱུ་གུ་འཇུ་ལུགས་འདྲ་ན་ཡང༌།།
ལོ་རྒྱུས་རི་མོ་འབྲི་སྟངས་རྒྱ་དང་བོད།
མཐོན་པོའི་ཁྲི་ལ་འགྱིང་སྟངས་གཅིག་ན་ཡང༌།།
བཤད་སྟངས་མི་གཅིག་ཆོས་དང་སྲིད་ཀྱི་ཁྱད།
ངེས་མེད་རྒྱལ་ཁམས་འགྲིམས་སྟངས་གཅིག་ན་ཡང༌།།
མི་རིགས་ལ་རྒྱ་ཡོད་མེད་སོ་སོར་ཡིན།།
རྒྱལ་ཁམས་པ་བྲག་སྨྱོན་ཡ་མ་རཱ་ཛས་༢༨་ཉིན་སྨན་ཁང་ཞིག་གི་ནང་དུ་བྲིས།