དགོངས་ཚུལ་ཅི་ཡོད་དམ།

བོད་རིགས་སྤུན་ཟླ་རྣམས་པ་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཁྱབ་ཅིག

ངས་ཞུ་འདོད་པ་ཞིག་ལ་དེང་སང་བོད་ཀྱི་དགོན་སྡེ་ཕལ་མོ་ཆེ་ཡི་ནང་ལ་གྲྭ་པ་

ཚོས་བྱ་བ་བཟང་པོ་ཞིག་བྱས་པ་གཏན་ནས་མཐོང་གི་མི་འདུག

མི་མཐོང་པའི་རྒྱུ་མཚན་ནི་ནང་ཆོས་ནང་གི་འགྲེལ་བཤད་རྒྱག་སྟང་ལྟར་ལས་བཟང་པོ་མ་

བསགས་པ་ཞིག་ཡིན་ན་བཟང་པོ་མི་མཐོང་བ་དང་ལས་ཡག་པོ་བསགས་ན་ཡག་པོ་མཐོང་

བ་དེ་འདྲ་ཞིག་འགྲེལ་བཤད་རྒྱག་གི་ཡོད་དེ་འདྲ་ཞིག་ཡིན་ནམ།   གང་ལྟར་ཀྱང་གྲྭ་པ་ཚོས་

དུས་རྒུན་དུ་བྱ་སྤོད་སྤྱི་ཚོགས་ལ་ཕན་པའི་བྱ་ལས་དང་སྤྱི་ཚོགས་ལ་འགན་ཁུར་མཁན་

ཞིག་མིན་པ་ངས་དེ་ལྟར་མཐོང་གི་འདུག    ཁྱེད་རྣམས་ལ་དགོངས་ཚུལ་ཅི་ཡོད་དམ།