མངའ་རིས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པ།
མཛད་སྒོ་དེའི་ཐོག་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མས། དེ་རིང་ཚོགས་ཆེན་འདིའི་སྐབས་སུ་བོད་དང་བོད་མིའི་འཕྲལ་ཕུགས་རྒྱང་གསུམ་གྱི་གནད་དོན་གང་ཅིར་སྨན་པའི་དགོངས་ཚུལ་གནང་ཐུབ་པ་ཡིན་ན་ཡག་ཡོད་པའི་སྐོར་སོགས་དང། ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་གྱིས་བཀའ་ཁྲི་དེ་ཉིད་ཆོལ་ཁ་གང་ཡིན་དང། ཕོ་མོ། རྒན་གཞོན་སོགས་ཀྱི་ཁྱད་པར་མེད་པར་སྤྱི་པའི་དོན་དུ་འགན་ཁུར་སེམས་ཡོད་པའི་མི་ཞིག་འདེམས་ཐུབ་ན་ཡག་པོ་ཡོད་སྐོར་སོགས་གསུང་བཤད་གནང་ཡོད་པ་རེད།
མངའ་རིས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་དེ་ཚེས་༢༦ ནས་ཚེས་༣༠ བར་ཉིན་ལྔའི་རིང་འཚོག་བཞིན་ཡོད་པ་དང། དབུས་དང་ས་གནས་ནས་ཡོང་བའི་ཚོགས་མི་རྣམས་ཀྱིས་འོས་བསྡུ་ཆེན་མོའི་སྐབས་སུ་ལས་དོན་བྱེད་ཕྱོགས་དང་འབྲེལ་བའི་གྲོས་གཞི་ཁག་བདུན་གྱི་ཐོག་གྲོས་བསྡུར་བྱེད་ཀྱི་ཡོད་པ་རེད།།
{jcomments on}