བཀའ་བློན་ཁྲི་པ།

མ་འོངས་པའི་བཀའ་བློན་ཁྲི་པ་མི་ག་འདྲ་ཞིག་དགོས་མིན་ཐད་བཀའ་སློབ་ཞུ་འདོད་ཡོད་པས། དྲ་གྲོགས་ཚོས་འདིའི་ཐད་ལ་བསམ་ཚུལ་གནང་རོགས་ཞུ་རྒྱུ་དང། ལྷག་དོན་འབྱུང་འགྱུར་གྱི་བཀའ་ཁྲི་དང་སྤྱི་འཐུས་གཉིས། ༧གོང་ས་མཆོག་གི་དགུང་ལོའི་བབས་དང་བསྟུན་ནས་གལ་འགངས་ཆེ་བས། བཀའ་སྤྱི་གཉིས་ཀྱི་ཞབས་སྟེགས་སྟེང་སྤྱི་མི་ཚད་ལྡན་ཞིག་ཡོང་དགོས་རྒྱུ་ནི། བོད་ཕྱི་ནང་གཉིས་ཀའི་གནད་དོན་དང་འབྲེལ་ཆེ་བས། བོད་མི་ཚང་མས་བསམ་བློ་བཏང་ནས་འདེམས་སྒྲུབ་བྱེད་དགོས། ཚང་མས་ཤེས་དགོས་ས་གཅིག་ནི། ཆབ་སྲིད་མི་སྣ་དང་སྐབས་འཚོལ་རིང་ལུགས་པ། ལུང་ཚན་འཐེན་འཁྱེར་སོགས་ཀྱིས་དངོས་ཡོད་གནས་ཚུལ་ལ་བརྒལ་ནས་འགྲེལ་བརྗོད་སྣ་ཚོགས་ཡོང་ངེས་ཡིན་པས། མི་སོ་སོས་ཞིབ་འཇུག་དང་རང་ཐག་རང་གཅོད་ཀྱི་ཐོག་ནས་མང་གཙོ་ཁེ་དབང་ལོངས་སུ་སྤྱོད་ཐུབ་ཐབས་བྱེད་དགོས་པ་ལས། མགོ་བདེ་དྲན་འཕྲུལ་དང་ཀླད་པ་འཁྲུ་མཁན་ཚོའི་གཡོ་སྒྱུ་འོག་ནས་མ་ཚུད་པར་བྱེད་རྒྱུ་ནི་གལ་ཆེ་བ་མཐོང་།