ད་ རེས་ང་ཚོས་གཟབ་དགོས།
གུ་ཡངས་ཁ་དོག་མེད་པའི་ལྷིང་འཇགས་ཀྱི་གནས་འདིར།།
རང་ཚུགས་ལྷག་པའི་རྗེས་ཀྱི་འཁྲབ་ཚན་ལ་བྱང་སྟེ།།
མཐུན་སྣང་མེ་རོ་སྤར་པའི་གཅུགས་སྒྲིལ་ལ་བརྟབ་དུས།།
ལྐོག་གཡོ་ཏྲམ་ཀ་ངར་མོའི་བཟི་ཁ་དེ་ཐེབས་འདུག།
འཛུམ་པའི་རྣམ་འགྱུར་སྟོང་གི་བསླུ་ཐབས་དེ་སྤྱད་དེ།།
དམངས་ཀྱི་རེ་འདུན་ཟ་བའི ཤ་འཁོན་གྱི་ལོ་རྒྱུས།།
དྲན་གསོ་མིག་ཆུས་བསྐུལ་བའི་དམ་ཚིག་གི་ཚོན་སྣ།།
པུར་རྩེ་གཅིག་ཏུ་འཁྱིལ་ཏེ་བཀའ་ཁྲི་ཞིག་འདེབ་དང་།།
འབྱོར་བའི་སྨྱོན་ཆུར་བརྔམ་པའི་ར་རོབ་ཀྱི་སྐུ་ངོས།།
རྒྱལ་ཁབ་ཚོང་ལ་བསྐྱུར་བའི་ལོ་རྒྱུས་ཀྱི་གབ་ཚིག།
རྗེས་ལུས་གདོང་དམར་ཚང་ལ་ཤ་འཁོན་ཞིག་ཡིན་ཀྱང་།།
རྨི་ལམ་བདེ་བའི་གླིང་དུ་བག་ཡངས་བཞུགས་འདུག།
༢༠༡༠།༧།༡༩ཉིན་དགོང་མོ་ཚོུད་༦པའི་ཐོག་བྲིས།