སློབ་ཆུང་གི་སློབ་མ་ཚོས་མངལ་འཁོར་བར་སྣང་མེད་ལྟ་བ།

ཧང་ ཁོང་བྱིས་པ་གསོ་སྐྱོང་ཐེབས་རྩ་ཁང་ནས་བརྟག་དཔྱད་བྱས་པའི་གྲུབ་འབྲས་སུ་སློབ་ཆུང་སློབ་མས་ལུས་འབྲེལ་སྐོར་གྱི་ངོས་འཛིན་མདང་གི་མེད་པ་དང། ཕྲུ་གུ་འཁོར་བ་དེ་ནི་གནད་དོན་གང་ཡང་མ་རེད། ཅེས་པའི་བསམ་བློའི་གནད་དོན་གྱི་ཚད་གཞི་ནི་སེམས་འཚབ་དགོས་པའི་ཕྱོགས་རེད།

ཐེབས་རྩ་ཁང་ནས་འདི་ལོའི་ཟླ་༣ པ་ནས་༥ པའི་རིང་དྲི་ལེན་ཡིག་རྒྱུག་གི་ཐབས་ལམ་ཐོག་ནས་སློབ་གྲྭ་ཁག་༢༤ ཡི་སློབ་ཆུང་འཛིན་རིམ་ལྔ་པ་དང་དྲུག་པའི་སློབ་མ་༤༥༦༩ ལ་དྲི་བ་བཀོད་དེ་སློབ་མ་ཚོར་ལུས་འབྲེལ་གྱི་ཤེས་བྱ་དང་ཉམས་མྱོང། དེ་བཞིན་ལུས་འབྲེལ་ལ་འཛིན་པའི་ལྟ་བ་དང་དེའི་སྐོར་གྱི་ཤེས་བྱའི་འབྱུང་ཁུངས་བཅས་ལ་ཞིབ་འཇུག་བྱས།་དྲི་ལེན་བསྡུ་རུབ་བྱེད་ཡུལ་གྱི་ཕྲུ་གུའི་ཆ་སྙོམས་ལོ་བཅུ་གཅིག་ཡིན་པའི་ནང་སློབ་མ་བུས་བརྒྱ་ཆ་༥༦ དང་ཚིགས་༦ ཟིན་པ་དང། བུ་མོས་བརྒྱ་ཆ་༤༣།༤ ཟིན་ཡོད།

བརྟག་དཔྱད་འགན་འཁུར་བྱིས་པ་གསོ་སྐྱོང་ཐེབས་རྩ་ཁང་གི་ལས་བྱེད་ཀྲང་ཅིང་ཧྥང་གིས། སློབ་མ་༥༠ ལ་གཞན་གྱིས་བཙན་གནོན་འོག་ལུས་འབྲེལ་བྱེད་དགོས་བྱུང་བའི་ལོ་རྒྱུས་ཡོད་པ་དང། རང་མོས་ཀྱིས་ལུས་འབྲེལ་བྱས་པའི་མི་གྲངས་༤༢ དེ་དག་ཁྱོན་ཡོངས་ཀྱི་གྲངས་ཀའི་ནང་ནས་ཉུང་ཤོས་ཡིན་ཡང། གྲངས་ཀའི་ཚད་གཞིར་གཞིགས་ཚེ་ཚང་མ་མི་ཡིན་ཞེས་པའི་ཆ་ནས་དེའི་གནད་དོན་ཚབ་ཆེ་ལུགས་ཀྱི་ཕྱོགས་ནས་བལྟས་ན་སེམས་འཚབ་དགོས་པ་ཞིག་ཡིན་པ་དང། དེ་དག་གི་བྱ་སྤྱོད་ལ་བཟོད་པ་སྒོམ་དགོས་པ་དང། དྲི་རྩེད་སྐབས་སུའང་མིང་བཀོད་མི་དགོས་པའི་སྒོ་ནས་ལག་བསྟར་བྱས་སྟབས། སློབ་གྲྭ་ག་གེ་མོའི་གྲངས་ཀ་དེ་དག་སློབ་གྲྭའི་ཕྱོགས་ལ་སྤྲད་དེ་མུ་མཐུད་རྟོག་དཔྱོད་ཡོང་ཐབས་བྱས།

ཐེངས་འདིའི་རྟག་དཔྱད་བྱས་པ་ལྟར་ན།་དྲི་ལན་བརྒྱབ་པའི་སློབ་མ་བརྒྱ་ཆ་དྲུག་དང་ཚིགས་ལྔ་༦།༥ ཡིས་སོ་སོར་ལུས་འབྲེལ་སྐོར་གྱི་ཤེས་བྱ་འདང་ངེས་ཡོད་པར་ངོས་འཛིན་བྱས་པ་དང། ལུས་འབྲེལ་ཟེར་བར་ཤེས་རྟོགས་མེད་པར་བརྗོད་མཁན་ཉུང་ཤོས་ལས་མེད། འོན་ཀྱང་ལུས་འབྲེལ་གྱི་ཤེས་བྱའི་ཐོག་སློབ་མ་ཚོས་སློབ་མ་བུ་མོ་ཚོའི་འོ་འཛིན་ཕྱོགས་ནི་གསང་བའི་གནས་ཡིན་པར་ངོས་འཛིན་བྱེད་མཁན་ནི་མཚན་མ་ནི་སྒེར་གྱི་གསང་གནས་ཡིན་པར་ངོས་འཛིན་བྱེད་མཁན་ལས་མང་བ་བྱུང་ཡོད། བཅར་འདྲི་བྱེད་སའི་སློབ་ཕྲུག་བརྒྱ་ཆ་བརྒྱད་ཅུས་སོ་སོའི་སྒེར་གྱི་གསང་གནས་ལ་རེག་པ་ཙམ་ནི་ལུས་འབྲེལ་གྱི་བྱ་སྤྱོད་ཟེར་བར་ངོས་འཛིན་བྱེད་ཀྱི་མེད།

ལུས་འབྲེལ་ཉམས་མྱོང་ཐད་ཀྱི་དྲི་ལེན་སྣ་མང་གདམ་ཁ་ཆོག་པའི་ནང་མི་གྲངས་༥༠ ལ་བཙན་གནོན་གྱིས་ལུས་འབྲེལ་བྱེད་བཅུག་མྱོང་བ་དང། གྲངས་༤༢ ཀྱིས་ཕྲུ་གུ་འགོག་བྱེད་ཀྱི་ཤུབས་བེད་སྤྱོད་བྱས་མྱོང་ཡོད་ཅིང། དེའི་ནང་ནས་གྲངས་བཅུས་མངལ་འགོག་བྱེད་ཀྱི་སྨན་ཟས་མྱོང་ཡོད། ལུས་འབྲེལ་གྱིས་ཕྲུ་གུ་འཁོར་གྱི་ཡོད་ཀྱང་། དྲི་ལན་འདེབས་མཁན་གྱི་སློབ་མ་ཉུང་ཉུང་གིས་དེར་ཞེད་སྣང་བྱས་ཡོད་པ་ལས། གཞན་མང་ཆེར་ གྱིས་ཕྲུ་གུ་འཁོར་ནས་ཕ་མ་གྱུར་བར་ཞེད་སྣང་མེད་ཀྱང་གནས་སྟངས་དེས་མ་འོངས་སྒེར་གྱི་སྦྱོང་འབྲས་དང་མདུན་ལམ་ལ་ཤུགས་རྐྱེན་བཟོ་ཡི་ཡོད་པར་ངོས་འཛིན་བྱས་འདུག

ལུས་འབྲེལ་གྱི་སློབ་གསོའི་སྐོར་གྲངས་འབོར་ཡོངས་ཀྱི་ཕྱེད་ཀ་མ་ཟིན་ཙམ་གྱིས་ཁོ་ཚོའི་ཕ་མས་ལུས་གཟུགས་ཕན་ཚུན་འབྲེལ་བའི་སྐོར་གྱི་བརྗོད་གཞིའི་སྐོར་གླེང་མྱོང་མེད་པའི་ནང། འཁྲིག་སྤྱོད་དང་བུ་དང་བུ་མོའི་གསང་གནས། མངལ་འཁོར་བ་དང་འཆམ་མཐུན། དེ་མིན་བཙན་གཡེམ་སྔོན་འགོག་བཅས་ཀྱི་སྐོར་ལ་ཕ་མས་གླེང་མྱོང་མེད་འདུག སློབ་མ་ཕྱེད་ཡས་མས་ཀྱིས་ལུས་འབྲེལ་སྐོར་ཤེས་འདོད་ཡོད་པ་དང། དགེ་རྒན་དང་ཕ་མར་དེའི་ཐད་དྲི་བ་འདོན་གྱི་ཡོད་འདུག་ལ། ལུས་འབྲེལ་གྱི་ཤེས་བྱའི་ནང་སློབ་མ་ཚོས་ཆེས་ཤེས་འདོད་ཆེ་བ་ནི་སོ་སོར་འགན་སྲུང་དང་བཙན་གཡེམ་འགོག་ཐབས་སྐོར་ཡིན་པ་རེད།

བརྟག་དཔྱད་དེར་འགན་འཁྱེར་མཁན་ཐེབས་རྩ་ཁང་གི་རྒྱུན་ལས་མི་སྣ་བུད་མེད་ཀྲང་ཅིང་ཧྥང་གིས་ལུས་འབྲེལ་ཤེས་བྱའི་སྐོར་གྱི་གྲངས་འབོར་དེས་སློབ་མ་ཚོར་དེའི་སྐོར་གྱི་ཤེས་བྱ་འདང་གི་མེད་པར་མཚོན་ཡོད་པ་དང། དེའང་མི་མང་ཆེར་གྱིས་ལུས་འབྲེལ་སྐོར་བཤད་པ་ནི་བཙོག་པ་ཡིན་པར་ངོས་འཛིན་པ་དང་འབྲེལ་བ་ཡོད་པ་རེད། ཡིན་ཡང་སློབ་མ་ཚོས་དགེ་རྒན་དང་ཕ་མར་ལུས་འབྲེལ་སྐོར་གྱི་ཤེས་བྱ་ཤེས་འདོད་སྐོར་དྲི་བ་བཀོད་འདོད་པ་དེར། ཀྲང་ཅིང་ཧྥང་གིས་ཕྲུ་གུའི་ཕ་མ་ཚོས་ཕྲུ་གུ་ལོ་གསུམ་སྐབས་སུ་ཕོ་ མོ་དབར་གྱི་ཁྱད་ཆོས་བཤད་པ་དང།་ཁོ་ཚོས་ཕོ་མོའི་གསང་སྤྱོད་མི་འདྲ་བར་འགྲོ་དགོས་པའི་ཐོག་ནས་བཟུང་དེའི་སྐོར་སློབ་གསོ་སྤྲད་དགོས། སློབ་གྲྭའི་ཕྱོགས་ནས་ཀྱང་ཁྱིམ་བདག་དང་། ཡང་ན་ཕོ་མོའི་མཚན་མ་རིག་པའི་མཁས་དབང་དང་མཉམ་འབྲེལ་ཐོག་ནས་དེའི་སྐོར་གྱི་སློབ་ཚན་བཀོད་སྒྲིག་བྱ་བའི་སྒོ་ནས་སློབ་མ་ཚོའི་ལང་ཚོ་དར་ བའི་སྐབས་ཀྱི་དྲི་བ་སྣ་མང་ཐག་གཅོད་བྱ་དགོས་པར་འབོད་བསྐུལ་ཞུས་ཡོད་པ་རེད།