བོད་ཀྱི་ཆོས་བརྒྱུད་ཆེན་མོ།

འདིར་རྡེབ་གནོན་གནང་ན་བརྙན་གཞས་གཟིགས་ཐུབ།

སངས་རྒྱས་ཆོས་དང་གཡུང་དྲུང་བོན་གྱི་ཆོས།།

རིས་སུ་བཅད་དེ་དགྲ་རུ་མ་འཛིན་དང་།།

གངས་རིའི་ལྗོངས་ཀྱི་མེས་པོ་རྣམ་གཉིས་ཡིན།།

འཚེ་མེད་ཞི་བའི་ཐབས་ལམ་གཅིག་མཚུངས་རེད།།

བོན་དང་བན་དེ་དགེ་འདུན་འདུས་པའི་ཚོགས།།

ཁ་བ་ཅན་གྱི་ཆོས་གྲོགས་རྣམ་པ་གཉིས།།

གདོང་དམར་བོད་པ་ཚང་གི་ཁྱིམ་རྒྱུད་ཅིག །

ལ་རྒྱའི་དཀྱིལ་འཁོར་གཅིག་ལ་མཉམ་དུ་བསྟེན།།

ལ་རྒྱའི་དཀྱིལ་འཁོར་གཅིག་ལ་མཉམ་དུ་བསྟེན།།


བོན་དང་བན་ཞེས་ཕན་ཆུན་དགྲར་འཛིན་ན།།

ཆོས་དང་མི་མཐུན་བོད་ཀྱི་ལས་དབང་བརླག །

བོད་ཀྱི་མདུན་ལམ་མཐུན་འབྲེལ་ལག་རྡང་གཙོ།།

བོད་ལ་བསམ་ན་མིག་རྒྱང་རིང་ཙམ་གནང།།


གཡུང་དྲུང་བོན་དང་ས་དགེ་བཀའ་རྙིང་བཅས།།

ཁ་བ་ཅན་གྱི་བཀའ་རྟགས་ཕྱག་རྒྱ་ལྔ།།

བོད་མིའི་ལས་དབང་ཇི་ཙམ་གནས་པའི་བར།།

ཆོས་བརྒྱུད་འདི་རྣམས་ཡུན་ཏུ་བརྟན་པར་ཤོག །

ཆོས་བརྒྱུད་འདི་རྣམས་ཡུན་ཏུ་བརྟན་པར་ཤོག །