རུས་མིང་དང་ཁྱིམ་མིང་མེད་མཁན་ང་ཚོ་གཅིག་བུ་ཡིན་ནམ།
ད་རེབས་གཅིག་བུ་མ་ཡིན་པར་ང་རང་ལ་ཁྱིམ་རྒྱུད་ཀྱི་མིང་ཡོད་མེད་འདྲི་མཁན་གྱི་ཕྱི་རྒྱལ་བ་མི་ཉུང་བ་ཞིག་དང་འཕྲད་སོང་ལ། དེ་ཡི་སྐོར་ལ་ཡང་སྐད་ཆ་ཡང་མི་ཉུང་བ་ཞིག་བྱུང་མྱོང་ཡོད། ཡིན་ཡང་། གནམ་ཐང་རང་ནས་བུད་མེད་གཞོན་ནུ་མ་ཞིག་གིས་ང་རང་ལ་ཆེད་དུ་ཁྱེད་རང་ལ་ཁྱིམ་རྒྱུད་ཀྱི་མིང་ཡོད་ན་ལག་ཁྱེར་སྟེང་དུ་མེད་ཟེར་ན་ང་རང་གིས་གཏན་ནས་ཤེས་ཀྱི་མེད། གནས་ཚུལ་དེ་འདྲ་གཏན་ནས་གོ་མྱོང་མེད་ཟེར་ནས་ཁོང་ཁྲོ་དང་བཅས་དེ་ང་རང་གི་ལག་ཁྱེར་སེར་པོ་དེ་གནམ་ཐང་གི་གཞུང་ལས་ཁུངས་དུ་བསྐྱལ་སོང་། ཕྱོགས་གཅིག་ནས་བུད་མེད་དེ་ལ་རྒྱལ་ཁབ་གཞན་དང་མི་སེར་གཞན་གྱི་བདེ་སྡུག་ལ་སྐོར་ལ་གཏན་ནས་རྒྱུས་མངའ་མེད་པར་བཤད་ཆོག་ལ། ཕྱོགས་གཅིག་ནས་ངེད་ཅག་བོད་མི་དག་གིས་རང་གི་ཁྱིམ་རྒྱུད་དང་རུས་མིང་ལ་བདག་པོ་རྒྱགས་སྲོལ་མེད་པ་དེ་ནི་ནོར་འཁྲུལ་ཡིན་པར་ཁས་ལེན་བྱེད་དགོས་པར་བསྟན་པ་རེད། དོན་དངོས་ཐོག ང་ཚོ་བོད་མི་ཚོས་རང་གི་ཁྱིམ་མིང་དང་རུས་མིང་ལ་བདག་པོ་མི་རྒྱགས་པའི་སྲོལ་དེ་ནི་བཟང་བོ་ཞིག་ཡིན་ནམ། ཡང་ན། རྗེས་ལུས་ཤིག་དུ་དྲངས་དགོས་པ་ཡིན། དེ་མིན་ན་བཟང་ཕྱོགས་ཀྱི་སྐད་ཆ་ཁ་ཤས་རེ་ཡོད་དམ་ཅི། གང་ལྟར་ང་ཚོ་འདི་ནས་རུས་མིང་དང་ཁྱིམ་མིང་དེ་ཡོད་མེད་ཀྱི་དགོས་འཁོ་ལ་བསམ་གཞིགས་བྱེད་རན་ཡིན་པར་འདོད།