འདིར་གཟས་ཁ་ཆེ་ཁ་བའི་གནད་དོན་མང་པོ་ཞིག་སྤུངས་འདུག
དེ་རིང་འདིར་ང་ཚོས་དེ་ལས་ལྡོག་སྟེ།ཁ་ནས་སྤྱི་ཚོགས་དང་རྩ་དོན་གླེང་གིན་གླེང་གིན་ལ་རང་ཉིད་ཀྱི་ཆོལ་ཁོངས་དང་རང་ཕྱོགས་ཀྱི་མི་སྣ་དག་ཆེད་བརྗོད་དང་ཐེར་འདོན་བྱེད་དེ་སྦྱར་ཡིག་གང་སར་བཀྲམ་པ་དང་ད་དུང་ལེགས་ཉེས་ཀྱི་རྣམ་དཔྱོད་དབེན་པའི་མི་མང་རྣམས་ལ་ཐབས་ལམ་འདྲ་མིན་གྱིས་བརྒྱུད་བསྐུལ་དང་།ད་དུང་དེ་ལས་ལྡོག་སྟེ་གཟེངས་སུ་ཐོན་པའི་གང་ཟག་དག་ལ་ནག་ཉེས་འགོས་ཐབས་ཀྱི་སྦྱོར་བ་དག་རེ་ཞིག་འཇུག་རྫོགས་མེད་འགྲོ་བསམ་ཡང་དེའི་མཚམས་སུ་གཞན་གྱི་ཁོར་ཡུག་ལ་འདྲེ་ལག་རྐྱངས་རྒྱུའི་འདོད་བརྔམ་དང་སྐུ་དྲག་གི་ལམ་ལུགས་བསྐྱར་སྤེལ་བྱ་རྒྱུའི་གྲ་སྒྲིག་ཨ་གསར་བྱེད་ཀྱིན་འདུག་པས།དགྲ་བོ་རྒྱ་དམར་ལ་དགོས་མཁོ་ཆེ་བའི་བྱ་སྤྱོད་ངན་པ་འདི་ཚོའི་རྒྱབ་གཟུགས་ལ་ཤེས་རབ་ཀྱི་མིག་རྩེ་རྣོ་པོས་ཐག་གཅོད་བྱ་རྒྱུ་འདི་ནི་སྙུགས་ཐོགས་བྱིངས་ལ་འཁྲི་བའི་འདོར་མེད་ཀྱི་འོས་འགན་གསར་པ་ཞིག་ཡིན།