ཡི་ག་ཞེས་པ་དེ་ཡང་ཡིད་ཀྱི་མཐའ་རྟེན་བཀོག་པ་ཞིག་རེད།

ད་དུང་དོགས་པ་ཞིག་ཤར་ཡོང་བ་ནི། ཡི་ག་ཞེས་པའི་མིང་ཚིག་འདི་ཡང་ཡིད་ཀྱི་རྗེས་འཇུག་ད་བཀོག་པ་ལས་བྱུང་བ་ཞིག་མིན་པ་བཤད་དཀའ་བ་ཞིག་རེད།

སྐལ་ཅོག་ཞང་གསུམ་གྱི་དུས་སུ་རྗེས་འཇུག་བཀོག་པ་འདི་ཚོའི་རིགས་གཅིག་པུ་མིན་པར། ཤམ་ཐབས་ལ་ཡིག་རྙིང་དག་ཏུ་གཤམ་ཐབས་ཞེས་ལུས་ཀྱི་གཤམ་དུ་གྱོན་པའི་ཆ་ནས་དེ་ལྟར་བརྗོད་པ་དེར། སྔོན་འཇུག་ག་བཀོག་ཡོད་པ་སོགས་མང་དུ་བྱུང་འདུག་པས། ཡི་རང་དང་ཡི་དམ་སོགས་ཀྱི་སྔོན་འཇུག་ད་བཀོག་ནས་བྲིས་པ་ཡིན་ཤས་ཆེ།

དེས་ན། ཡི་ག་ཞེས་འབྱུང་བ་ཡང་། ཡིད་ཅེས་པའི་རྗེས་འཇུག་ད་བཀོག་པ་ཞིག་ཡིན་ཤས་ཆེ་སྙམ་ཡང་། ཁྲི་རལ་སྔོན་གྱི་ཡིག་རྙིང་དག་ན་ཡི་ག་ཞེས་བྲིས་པ་ཡོད་མེད་ཀྱི་ཞིབ་འཇུག་བྱས་ནས་དེ་ལྟར་མེད་ཚེ་ཡི་ག་ཞེས་པ་དེ་ཡིད་ཀྱི་མཐའ་བཀོག་པ་ལས་བྱུང་བར་ཚོད་དཔག་བྱེད་ཐུབ།