བལ་ཡུལ་དུ་བོད་མིའི་འཛིན་རིམ་བཅུ་པའི་སློབ་མའི་རྒྱུགས་འབྲས།

སློབ་མ་༥༥ ཨང་སྡེ་དང་པོ་དང། སློབ་མ་༧ ཨང་སྡེ་གཉིས་པའི་ནང་ཚུད་དེ་རྒྱུགས་འཕྲོད་བརྒྱ་ཆ་༡༠༠ དང། དེ་བཞིན་སྲོང་བཙན་སློབ་གྲྭར་སློབ་མ་གྲངས་༤༠ ཡོད་པའི་ནང་ནས་སློབ་མ་༡ གཟེངས་ཐོན་གྱི་ཁོངས་སུ་ཚུད་ཡོད་པ་རེད། སློབ་མ་༣༣ ཨང་སྡེ་དང་པོ་དང་༦ ཨང་སྡེ་གཉིས་པའི་ནང་ཚུད་ནས། རྒྱུགས་འཕྲོད་ཀྱི་བརྒྱ་ཆ་༡༠༠ བྱུང་ཡོད་འདུག བལ་ཡུལ་སྤོག་རཱ་ཨེས་ཨོ་ཨེས་སློབ་གྲྭའི་སློབ་མ་ཆ་ཚང་གི་གྲུབ་འབྲས་ལེགས་སོན་བྱུང་ཡོད་པ་དང། ད་ཐེངས་བལ་ཡུལ་རྒྱལ་ཡོངས་ནས་སློབ་ཕྲུག་ཁྱོན་༤༡༢༥༩༢ ཡོད་པའི་ནང་ནས། སློབ་མ་༢༤༧༦༨༩ ཙམ་གྱིས་ཡིག་རྒྱུགས་འཕྲོད་དེ། བལ་ཡུལ་དུ་རྒྱལ་ཡོངས་ཀྱི་རྒྱུགས་སྤྲོད་བརྒྱ་༦༤/ ༣༡ ཐམ་པ་ཡིན་འདུག །

{jcomments on}