ཚིག་འཕྲད་དང་ཚིག་ཕྲད་གཉིས་ལས་གང་དག་པ་ཡིན།

འདི་ག་ཁྲིམས་ཁང་ནས་རྩོམ་སྒྲིག་པ་ལགས་སུ་དོགས་སློང་ཞུ་རྒྱུར།
ཉིད་ཀྱིས་ཕྲན་རྣམ་དབྱེ་ཞེས་པའི་ཕྲད་ལ་འས་འཕུལ་ཅན་གྱི་འཕྲད་བྲིས་འདུག་པས།
གནའ་དེང་གི་ཡིག་རྙིང་ཀུན་གྱི་ནང་དུ་ཕྲད་ཅེས་བྲིས་པ་ལས། འཕྲད་ཅེས་བྲིས་པ་མེད།
བྱ་ཚིག་ལས་གྲུབ་པའི་མིང་ཚིག་འདི་རིགས་ལམ་ལས་དྲངས་ནས་བཤད་ན།

ཕྲད་ཅེས་པ་དེ་ནི་ལྕགས་གཉིས་ལྷན་དུ་སྦྱོར་བྱེད་ལྟ་བུ་ལ་གོ་དགོས་པས། མིང་ཚིག་སྔ་ཕྱི་གཉིས་ལྷན་དུ་སྦྱོར་བྱེད་དམ་འཕྲད་པར་བྱེད་པའི་ཚིག་ལ་འཕྲད་ཅེས་བྱེད་ཚིག་གི་ལམ་ནས་འབྲི་དགོས་པ་ལྟ་བུ་ཞིག་རེད་སྙམ།

ཡིན་ཡང་། ཀུན་གྱིས་ཕྲད་ཅེས་འབྲི་གི་འདུག་པས་མ་དག་རྒྱུན་འབྱམས་ཤིག་མིན་ནམ་སྙམ།
ཡིན་ཡང་། དག་ཡིག་འགའ་ཤས་ནང་། ཕྲད་པའི་འདས་མ་འོངས་ད་ལྟ་དུས་གསུམ་གར་འགྱུར་བ་མེད་པར་བཤད་ཡོད་ཀྱང་། དག་ཡིག་ཁུངས་ཐུབ་རྣམས་སུ་ཕྲད་འདས་པ་དང་། འཕྲད་མ་འོངས་པ་དང་ད་ལྟ་བ་ཡིན་པར་གསུངས་ཡོད།

རྩོམ་སྒྲིག་པ་ལགས་སུ་འཕྲད་ཅེས་འབྲི་དགོས་པའི་ཁུངས་གསལ་པོར་གསུང་རྒྱུ་མེད་ཚེ་འདི་ག་ཁྲིམས་ཁང་ནས་ཉེས་པ་ལ་དཔག་པའི་ཉེས་ཆད་ལྷོད་ཡངས་མེད་པར་གཏང་རྒྱུ་ཡིན་པའི་གསལ་བསྒྲགས་སུ།

བོད་ཀྱི་སྐད་ཡིག་ཁྲིམས་ཞིབ་ཁང་ནས།