བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་ལ་བསྟོད་པའི་སྤྲིན་དཀར་གྱི་ཕུང་པོ།

གང་ཉིད་སྐུ་ཡི་དཀྱིལ་འཁོར་ཉི་གཞོན་འཛམ་གླིང་ཟླུམ་པོ་ཤར་བ་ནས།།
གང་ཉིད་གསུང་གི་འོད་ཟེར་དཀར་པོས་འདམ་སྐྱེས་པད་མའི་འདབ་མ་གྲོལ།།
གང་ཐུགས་མཁྱེན་པ་དཀྱེལ་པོ་མཐུས་ཡིས་གདུལ་བྱའི་རྨོངས་མུན་རྣམ་པ་འཇོམས།།
གང་གི་སྐྱེས་ཕྲེངགཟི་བརྗིད་དེ་ཡིས་ནག་པོའི་སྡེ་བཅས་གཞོལ་པར་མཛོད།།

འཇིག་རྟེན་དབང་ཕྱུག་ཚངས་ཐིག་ལས་ལྷག་ཟམ་གདོང་སྐུའི་གཞུང་ལུགས་དྲང༌།།
ཐུབ་པའི་བསྟན་ལ་མཛད་རྒྱས་འཇོག་པའི་ཀླུ་སྒྲུབ་གཉིས་པ་ཞེས་སུ་གྲགས།།
འཁོར་ལོ་རྣམ་གསུམ་བྱ་བ་དང་ནི་འགྲོ་དྲུག་མགོན་མེད་བྱམས་སྐྱོང་བའི།།
སྐུ་ཡི་ཆ་ཤས་ཟུར་ཙམ་འགྲན་མེད་ང་ཡི་བླ་མ་རྒྱལ་གྱུར་ཅིག།

ཕྱི་ནང་གྲུབ་མཐའ་རིས་མེད་ཀུན་ལ་ཐུགས་ཀྱི་མཁྱེན་པ་མཁའ་ལྟར་ཡངས།།
དབྱིན་བོད་རྒྱ་གསུམ་ཐ་སྙད་རིག་པའི་གནས་ལྔ་མ་ལུས་ཁོངས་དུ་ཆུད།།
འཇིག་རྟེན་མི་ཡི་སྐྱེས་བ་རྫིས་ཀྱང་ཁྱེད་ནི་དོན་དམ་ཀུན་མཁྱེན་དངོས།།
རིས་མེད་ན་གཞོན་བློ་གྲོས་འབྱེད་པའི་སྒོ་ཡི་ལྡེ་མིག་དང་པོ་ཉིད།།

ཐམས་ཅད་མཁྱེན་པ་རྒྱལ་དབང་མཆོག་གི་བཀའ་ཡི་སྲི་ཞུ་བསྒྲུབ་པ་ནས།།
དེང་རབས་འགྲོས་དང་མཐུན་པ་དམངས་གཙོ་ལྟ་གྲུབ་འཁུར་འཆང་ནས།།
མགོན་མེད་ཉམས་ཐག་སྟོང་ཚོ་མང་པོ་ལུགས་གཉིས་ཤེས་བྱའི་ས་བོན་བསྐྲུན།།
ཉེར་གཅིག་དུས་འདིག྄ཞན་དྲིང་མི་འཇོག་ཤེས་འཇོན་སློབ་དཔོན་ཁྱེད་ཉིད་ཙམ།།

ན་གཞོན་སྟོང་གི་རེ་ལྟོས་བཅོལ་ས་ཝཱ་ན་ཆེས་མཐོ་གཙུག་ལག་ཁང༌།།
མགོན་པོ་གང་ཉིད་ཆེས་མཐོ་སློབ་གྲྭའི་ངེས་སྟོན་པ་ཡི་འཁུར་འཆང་ནས།།
གསར་སྐྱེས་སློབ་མ་ཁྲི་ཕྲག་མང་པོ་བློ་གྲོས་སྣང་བ་རྒྱས་མཛོད་པའི།།
མགོན་པོ་ཁྱེད་ནི་འགྲན་ཟླ་བྲལ་བའི་གངས་ཅན་བོད་ཀྱི་ཐོན་མི་དངོས།།

གཞིས་བྱེས་བོད་ཀྱི་ངོ་བོ་མཚོན་པའི་སྤྱི་འཐུས་གསར་རྙིང་བརྗེ་བསྒྱུར་སྐབས།།
ྋརྒྱལ་དབང་མཆོག་གིས་མགོན་པོ་གང་ལ་སྤྱི་འཐུས་ཐད་བསྐོས་གནང་བ་ནས།།
ཚོགས་གཙོ་མིང་འཛིན་ངོ་བོ་ཐོག་ནས་འཛིན་སྐྱོང་གཞུང་ཞབས་ལྷན་རྒྱས་ལ།།
འཛུབ་ཁྲིད་གནང་བས་གཞུང་གི་ལསདོན་སྔར་ལས་ལྷག་པའི་འཆར་འགོད་བྱེད།།

བཙན་བྱོལ་བོད་མིས་འོས་བསྡུས་ལམ་ནས་བཀའ་ཁྲི་ཐོག་མ་ཁྱེད་ཉིད་ཕེབས།།
བཀའ་ཁྲི་གདན་ཐོག་ཁྱེད་ཉིད་ཕེབས་པའི་ལུགས་གཉིས་ཆབ་སྲིད་ཚུལ་སྐྱོང་ནས།།

གཞུང་དོན་ཡར་ངོ་ཟླ་བཞིན་འཕེལ་ཞིང་མངའ་འབང་མི་སེར་སྡུག་ལས་གྲོལ།།
གངས་ལྗོངས་ཞིང་གི་བདེ་སྐྱིད་རྫོགས་ལྡན་ཤར་བའི་རྟེན་འབྲེལ་དང་པོ་འབུས།
ཟང་ཟིང་ལ་སོགས་ལྟོ་གོས་གཏམ་ལ་སྙན་གྲགས་མགོ་བོ་མ་འཁོར་བ།།
མི་རིགས་དོན་དུ་སྲི་ཞུ་སྒྲུབ་ནས་ཐུན་དྲུག་ངལ་བ་མ་རྟེན་ཞིང༌།྄།

རྒྱལ་དབང་མཆོག་གི་ས་བཀའ་བཞིན་སྒྲུབ་པའི་ཕུལ་བྱུང་བོད་ཀྱི་བཀའ་ཁྲི་འདི།།
ལ་ཞེན་དོན་དུ་བློས་གཏོང་ཐུབ་པའི་གངས་ཅན་བོད་ཀྱི་བློན་པོ་དངོས།།
ཁྱེད་ཀྱི་ཡོན་ཏན་གཟུགས་རིལ་ཡིན་ན་སྟོང་གསུམ་སྟོང་ནས་ཤོང་དཀའ་བས།།
བློ་དམན་བདག་གི་བསོད་ནམས་འཕེལ་ཕྱིར་རྡུལ་ཕྲན་ཙམ་ཞིག་བརྗོད་པ་ལས།།

གང་གི་ཡོན་ཏནགང་གྷའི་བྱེ་ལྟར་྄སུ་ཡང་བགྲང་བའི་སྐལ་བ་བྲལ།།

བདག་གི་བློ་གྲོས་ཁྲོན་པའི་ཁྱོན་ལྟར་ཇི་བཞིན་བརྗོད་པའི་སྤྲོ་བ་འཁུམས།།

ཕྱི་ལོ་༢༠༠༨ ༡༢ ༡༥ ལ་བྲིས་པ་དགེའོ།

མ་འོངས་པའི་བཀའ་ཁྲི་ཁྱེད་ལྟ་བུ་ཞིག་ཕེབས་པ་རྨི་ལམ་དུ་རེ་སྒུག་བྱེད་བཞིན་ཡོད། བོད་རྒྱལ་ལོ། ༢༠༡༠ ༠༨ ༡༢ ཉིན་དྲྭ་ཐོག་སྤེལ།