སྟོང་བསམ་ལས་བྱུང་བའི་བརྩེ་བ།
མོ་ནི་དེ་འདྲའི་ཞི་དུལ་ཅིག་དང་སྨྲ་སྒོ་ཡངས་བ་མ་ཟད། མཛེས་མའི་རྣམ་འགྱུར་ལྡན་པའི་མོ་གསར་དར་མ་ཞིག་གི་རྣམ་པ་དུས་རྟག་ཏུ་མངོན། མོས་ང་ལ་སེམས་པ་ཤོར་ཡོད་མེད་མ་ཤེས་ཀྱང༌། ངའི་ཡིད་ཀྱི་མེ་ལོང་ནང་དུ་མོའི་དཀྱུས་བཟང་གི་མིག་ཟུང་ནས་རྟིང་པའི་བར་ཚུད་པའི་གཟུགས་བྱད་ལ་དེ་བས་དོ་སྣང་ཆེ་རུ་ཕྱིན་སོང༌། མོ་རང་དེ་འདྲའི་མཛེས་མ་ཞིག་མིན་ཡང་ཁ་དཔེ་ལ། མཛེས་མ་ཐམས་ཅད་མཛེས་མ་མིན། སྣང་བ་གང་འགྲོ་མཛེས་མ་ཡིན་ཟེར་བ་ལྟར་རང་རེད། དེ་ཡི་ཁར་མོ་རང་ལ་ཀུན་གྱིས་བསྔགས་བརྗོད་བྱེད་ཡུལ་གྱི་ཡོན་ཏན་ཞིག་ཀྱང་ཡོད་པའི། མོ་ནི་ངའི་སེམས་ཀྱི་ནང་ལ་ནམ་ཡང་བཅོས་སུ་མེད་པའི་གཞོན་ནུ་མ་ཞིག་རང་ཆགས་སོང༌།
མཚམས་འདི་ནས་གྲོགས་པོ་ཚོ་ལ་ཞུ་རྒྱུ། ཁྱོད་རྣམ་པ་ཚོ་ལ་མུ་འགོད་རྩོམ་ཐུང་འདི་སྤྱིན་གཟིགས་སུ་འབུལ་རྒྱུ་ཡིན་པས་སྐྱོན་ཆ་ཅི་ཡོད་ཐུགས་ལྷོད་ངང་གསུང་རོགས་གནོངས།