༄༅། གསར་འགོད་པའི་ས་མིག་གསལ་བསྒྲགས།
༄༅། ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་བོད་སྐད་དང་རྒྱ་སྐད་སྡེ་ཚན་ཁོངས་གསར་འགོད་པ་གཅིག་རེ་གསར་བསྡུ་ཞུ་རྒྱུ་ཡིན་པ་ལགས་ན། ཡིག་རྒྱུགས་ནང་ཞུགས་བློ་ཡོད་རིགས་ནས་རླུང་འཕྲིན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པའི་མཚན་ཐོག་ཕྱི་ལོ་ ༢༠༡༨ ཕྱི་ཟླ་ ༨ ཚེས་ ༠༦ ནང་ཚུད་སྙན་ཞུ་ཕུལ་འབྱོར་ཐུབ་པ་དགོས།
ངེས་པར་དུ་ཚང་དགོས་པའི་ཆ་རྐྱེན་ཁག ༼བོད་སྐད་སྡེ་ཚན།༽
༡༽ བོད་མིའི་དང་བླངས་དཔྱ་ཁྲལ་ལག་དེབ་དང༌། རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་ཁྱེར་དགོས།
༢༽ དབྱིན་བོད་ཤེས་ཚད་རང་སྐྱ་འཕེར་བ་དགོས།
༣༽ བོད་ཕྱི་ནང་དང༌། རྒྱ་གར། རྒྱལ་སྤྱིའི་གནས་སྟངས་སོགས་ལ་གོ་རྟོགས་གང་ལེགས་ཡོད་པ།
༤༽ ལས་ཁུངས་གཞན་དུ་ལས་ཀ་བྱ་མུས་ཡིན་ཚེ། དགག་ཆ་མེད་པའི་རྒྱབ་གཉེར་ཡི་གེ་དགོས།
༥༽ གསར་འགོད་པར་འདེམས་ཐོན་བྱུང་ཚེ་ཟླ་དྲུག་རིང་ཚོད་ལྟ་དང༌། དེའི་རྗེས་རླུང་འཕྲིན་ཁང་དུ་ཉུང་མཐར་ལོ་གསུམ་རིང་ཕྱག་ལས་གནང་རྒྱུའི་འདུན་པ་ཡོད་པ།
༼རྒྱ་སྐད་སྡེ་ཚན།༽
༡༽ བོད་མིའི་དང་བླངས་དཔྱ་ཁྲལ་ལག་དེབ་འཁྱེར་དགོས།
༢༽ རྒྱ་སྐད་ཤེས་ཚད་རང་སྐྱ་འཕེར་བ་དགོས།
༣༽ བོད་ཕྱི་ནང་གི་གནས་སྟངས་ཐོག་གོ་རྟོགས་གང་ལེགས་ཡོད་པ།
༤༽ ལས་ཁུངས་གཞན་དུ་ལས་ཀ་བྱ་མུས་ཡིན་ཚེ། དགག་ཆ་མེད་པའི་རྒྱབ་གཉེར་ཡི་གེ་དགོས།
གསར་འགོད་ལས་རིགས་ཐོག་སློབ་སྦྱོང་ཐོན་པ་དང་ཉམས་མྱོང་ཡོད་མཁན་ཚོར་དམིགས་བསལ་དགོངས་བཞེས་གནང་རྒྱུ།
གོང་གསལ་ཆ་རྐྱེན་ཚང་མཁན་ཚོས་ཡིག་རྒྱུགས་ནང་བཞུགས་ཆེད། རང་ཉིད་ངོ་སྤྲོད་སྙིང་བསྡུས་འཁོད་པའི་སྙན་ཞུ་དང༌ལྷན་དགོས་ངེས་ཡིག་ཆ་ཁག་དུས་ཚོད་ནང་ཚུད་ཕུལ་ཐུབ་པ་དགོས། དོགས་དྲི་ཡོད་རིགས་ཚོས་འོག་གི་ཁ་པར་ཨང་གྲངས་ཐོག་འབྲེལ་བ་གནང་རོགས།
ཁ་པར། ༧༠༡༨༢༩༨༢༥༨ / ༠༡༨༩༢༢༢༢༣༨༤
གློག་འཕྲིན། editor@vot.org / tpeldon@vot.org
ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་ནས་ཕྱི་ལོ་༢༠༡༨ ཟླ་༧ ཚེས་ ༡༠ ལ།།
Vacancy announcement: Reporter/Broadcaster
Employer: Voice of Tibet
Location: Dharamsala
Opening date: July 10, 2018
Closing date: August 06, 2018
Position Title: Reporter/Broadcaster for VOTs Tibetan Section & Chinese Section
Minimum Requirements Candidates must:
(Tibetan Section)
- Be a bonafide Tibetan
- Be enthusiastic with a strong work ethic with an ability to meet tight deadlines
- Be up to date with news and developments across VOTs subject matters
- Have a command of written and spoken Tibetan and English with a level of competency expected of a professional journalist.
- Be willing to serve VOT for a minimum period of three years.
- Degree certificate, if any.
- Green book & RC updated
- Resume
- No objection letter from present employer if employed.
(Chinese Section)
- Be a bonafide Tibetan
- Be enthusiastic with a strong work ethic with an ability to meet tight deadlines
- Be up to date with news and developments across VOTs subject matters
- Have a command of written and spoken Chinese with a level of competency expected of a professional journalist
- Green book updated
- Resume
- No objection letter from present employer if employed.
Preferred Requirement
- Experience in Journalism field
- Training in Journalism Studies
- Good communication and interpersonal skills
Candidates are required to submit their application along with photocopies of the above documents:
Provide clear forwarding address with available phone / email address
Address your application before or at the latest by 5pm on Monday August 6, 2018 to:
The Editor-in-Chief
Voice of Tibet
Narthang Building, Gangchen Kyishong
Dharamsala, 176215
Email: editor@vot.org / tpeldon@vot.org
Contact: 7018298258 / 01892-222384