Skip to content
You are here:Home » ཐང་ཆད་དུས་ཀྱི་དབུགས་ཤིག
འདས་ཀྱང་སྲུང་བྱ་ཡི་སྟོང་བའི་འཇའ་གཟུག་ཀྱི་གནམ་འོག།
བྲིས་ཀྱང་འབྲི་སྨྱུག་གི་གཟད་པོའི་རྒྱུ་ཆ་ལས་གྲུབ་པའི།།
བརྩད་ཀྱང་ཚར་ཐབས་ཤིག་མེད་པ་ཞེ་སྡང་གི་འཐབ་ར།།
དེ་ཉིད་སྤྱི་གཙུག་དུ་བཀུར་མཁན་རྒྱལ་གཅེས་སུ་གྲུབ་འདུག།
གཟུགས་བསྡུས་འཛིན་མེད་ཀྱི་དགའ་སྡུག་འཕྲུལ་ཤེས་ཀྱི་རྟ་ལ།།
ཉེས་མེད་ལྕགས་ནག་གི་ཡང་ཡང་བརྒལ་བ་ལ་གཞུས་དུས།།
དྲིན་ལ་དྲིན་ཤེས་ཀྱི་ན་བུན་རྒྱང་རིང་གི་གླུ་སྐད།།
རྣ་བའི་བུ་རམ་དུ་ངར་ཞོར་སྐྱིད་སྣང་ལ་བསྲེས་འདུག།
རྒྱུས་མེད་དུར་ཐང་གི་ཕྱོགས་ནས་ཨག་སྐད་ཅིག་བརྒྱབ་ཀྱང་།།
ཉེ་ལ་སྙིང་སྡུག་གི་ཞལ་རས་འཛུམ་མདངས་དེ་མ་བཤིག།
དུངས་བ་བཀའ་དྲིན་གྱི་ཡབ་མེས་དམ་པ་ཡི་རྗེས་ཀྱང་།།
ཆལ་མོའི་གཡོ་ལས་ཀྱི་གཞུག་དུ་སྤྲུད་སྨན་གྱི་བཟི་འདུག།
ཨེས་སུ་རལ་རྒྱལ་ཁབ་ ཀྱི་ལྷོ་ཕྱོགས་ཨེས་ལ་ཀྲི་ལ་ནས་༣༠།༨།༡༠མཚན་མོར། དབུགས་སྔ་གསོ་ཆེད་དུ་བྲིས་པ་ལས། གཞན་ལ་ངོམ་སོ་བྱེད་ཆེད་དུ་འབྲི་དོན་མེད་ལ། འབྲི་ཡང་འདོད་ཀྱི་མི་འདུག བྲིས་ཀྱང་ཕན་ཐོག་ཡོད་པ་ཞིག་ངས་ནམ་ཡང་འཁྱོང་ཁག་པོ་རེད། ཁག་ས་དེ་ནས་ངས་དུས་རྒྱུན་དུ་རོ་ལངས་ཤིག་བརྒྱབ་དེ་བསྡད་ཡོད།