དགེ་རྒན་ཉིན་མོ།
སྤྱི་ཟླ་དགུ་པའི་ཚེས་ལྔ་ཉིན་མོ་དེ་ནི་རྒྱ་གར་གྱི་དགེ་རྒན་ཉིན་མོ་ཡིན་པས་དགེ་རྒན་རིགས་སུ་གྱུར་པ་ཀུན་ལ་འཚམས་དྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ། གུས་མོའི་རེ་བ་ལ་བོད་ཀྱི་མཁས་པ་རྣམས་ཀྱིས་གྲོས་སྡུར་གནང་ནས་ཐོན་མི་སམ་བྷོཏྲའི་འཁྲུངས་སྐར་ལ་བོད་ཡིག་དང་བོད་སྐད་སྤྱོད་མཁན་ཀུན་ལ་དགེ་རྒན་དུས་ཆེན་ཞིག་དགོས་ངེས་རེད་སྙམ།