ཆོས་བརྒྱུད་སྤྱི་འཐུས་སྐོར་གྱི་བགྲོ་གླེང་།
ད་བར་ཚོགས་སྡེ་དང་བོད་དོན་ཐོག་སེམས་འཁུར་ཅན་མང་དག་ཅིག་གིས་སྤྱི་འཐུས་དང་བཀའ་བློན་ཁྲི་པའི་སྐོར་གྱི་བསམ་ཚུལ་དང་འོས་གཞི་མང་པོ་ཞིག་བཏོན་འདུག་པར་དགའ་འོས་ཀྱི་གནས་སུ་མཐོང་། འོན་ཀྱང་ཆོས་བརྒྱུད་ཁག་གི་སྤྱི་འཐུས་ཀྱི་སྐོར་ད་བར་དང་བླངས་བ་འགའ་ཞིག་ཕུད་ཚོགས་སྡེ་སོགས་སུ་གཅིག་གིས་ཀྱང་མ་བཏོན་པར་བློ་ཕམ་གྱི་གནས་སུ་འཁུམ། བོད་ཀྱི་ཆོས་དང་སྲིད་གཉིས་ཇི་སྲིད་མཉམ་གནས་ཀྱི་བར་ཆོས་ལུགས་ཁག་གིས་ཀྱང་རང་གི་འཐུས་མི་ཞིག་འདེམས་དགོས་ལ་སླེབས་ཀྱང་དགོས་སྙམ། རྒྱུ་མཚན་དེས་ན་ཆོས་ལུགས་གང་ཞིག་ཡིན་ཡང་རང་གི་འཐུས་མི་འདེམས་རྒྱུ་དེ་ཕྲག་ཏུ་བབ་པའི་འོས་འགན་གལ་ཆེན་ཞིག་ཏུ་བརྩི་དགོས།
དེ་རིང་འདིར་ང་ཚོ་ཁག་ཅིག་གིས་མ་བསྐུལ་དང་བླངས་ཀྱིས་བསམ་བློ་གནད་དུ་བབ་ཁུལ་གྱིས་རྒྱལ་ཕྱི་ནང་གང་དུ་བཞུགས་ཀྱང་རང་ཉིད་དུས་གཅིག་ཏུ་འཛུལ་ཞུགས་ཐུབ་པའི་ཆེད་བོད་ཀྱི་བང་ཆེན་དྲ་ཐོག་ཏུ་ང་ཚོ་ཕན་ཚུན་བསམ་ཚུལ་སྤེལ་རེས་དང་རང་གིས་ཆོས་བརྒྱུད་སྤྱི་འཐུས་སུ་ཞིག་འདེམས་རྒྱུ་ཡིན་མིན་སོགས་ཀྱི་བགྲོ་གླེང་ཞིག་སྐོང་ཚོགས་བྱེད་ཡོད་ན་དེ་དོན་ཁྱོད་ཚོས་དྲང་བདེན་གྱིས་ཅི་ཞིག་གླེང་སློང་འདོད་ན་དགའ་བསུ་ཞུ་བཞིན་ཡོད། གཤམ་དུ་ངས་དེ་སྔོན་དྲ་ཐོག་གི་ཟིན་བྲིས་པ་ཁ་ཤས་ཀྱི་བཏོན་པའི་ཆོས་བརྒྱུད་སྤྱི་འཐུས་སྐོར་ཅིག་ཁྱོད་ཚོས་གཟིགས་ཞིབ་ཀྱིས་ཆེད་འགོད་ཞུ་རྒྱུར།
བོན་པོ།
ཟིན་བྲིས་པ་དཔལ་ལྡན་རྡོ་རྗེས།
༡༽དགེ་བཤེས་སྨོན་ལམ་མཐར་ཕྱིན།
༢༽དབྲ་ཁྱུང་དགེ་བཤེས་སྐལ་བཟང་ནོར་བུ།
༣༽དགེ་བཤེས་བཤད་སྒྲུབ་རྒྱ་མཚོ།
༤༽དགེ་བཤེས་ཕུན་ཚོགས་ཉི་མ།
རྙིང་མ།
ཟིན་བྲིས་པ་དཔལ་ལྡན་རྡོ་རྗེས།
༡༽དཀར་མཛེས་ཡ་མ་འཆི་མེད།
༢༽རྩོམ་པ་པོ་འཆམ་ར་དྲི་མེད་རྒྱལ་མཚན།
༣༽སྡེ་དགེ་ཚེ་རིང་དོན་འགྲུབ།
༤༽གསེར་རྟ་མཁན་པོ་ཆོས་དབྱིངས།
༥༽སློབ་དཔོན་བསོད་ནམས་བསྟན་འཕེལ།
ས་སྐྱ།
ཟིན་བྲིས་པ་དཔལ་ལྡན་རྡོ་རྗེས།
༡༽དགེ་བཤེས་ཚེ་རིང་པོ།
༢༽སྐྱོར་དཔོན་ཐུབ་བསྟན་རྒྱལ་མཚན།སྨར་ཁམས།
༣༽རྩོམ་པ་པོ་མཁན་པོ་ཚེ་རིང་བཀྲ་ཤིས།
༤༽སྡེ་དགེ ཀུན་དགའ་ཡོན་ཏན།
བཀའ་བརྒྱུད།
ཟིན་བྲིས་པ་དཔལ་ལྡན་རྡོ་རྗེས།
༡༽བསོད་ནམས་དགྲ་འདུལ།
༢༽ཀརྨ་ཤེས་རབ་མཐར་ཕྱིན
༣༽བསྟན་པ་ཡར་འཕེལ། ཆོས་རིག་ལས་ཁུངས་ཀྱི་དགོན་སྡེ་ཁག་གི་ལོ་རྒྱུས་རྩོམ་སྒྲིག་པ། ཆོད་གན་ལས་བྱེད།
༤༽སྤྲུལ་སྐུ་ཀརྨ། སྦེལ་ཀོབ་ཀམ་ཚང་དགོན་གྱི་དབུ་བླ།
༥༽མཁན་པོ་སྐལ་བཟང་ཉི་མ། རུམ་བཏེགས་བཤད་གྲྭའི་མཁན་པོ།
དགེ་ལུགས།
འབའ་པ་འཆི་མེད་ནས།
༡༽ སེར་སྨད་དགེ་བཤེས་ཞ་པ་རྒྱག་པ།
༢༽བློ་གླིང་དགེ་བཤེས་བེ་རི་འཇིགས་མེད་དབང་རྒྱལ།
༣༽སེར་བྱེས་དགེ་བཤེས་ཐུབ་བསྟན་འཕེལ་རྒྱལ།
འབའ་པ་སྐལ་བའཟང་འཕྲིན་ལས་ནས།
༡༽སེར་སྨད་ཞག་པ་རྒྱག་པ།
༢༽བློ་གླིང་ བེ་རི་དགེ་བཤེས་འཇིགས་མེད་དབང་རྒྱལ།
༣༽སེར་བྱེས་དགེ་བཤེས་ཐུབ་བསྟན་འཕེལ་རྒྱས།
ས་སྐྱ།
རྒྱལ་མཚན་ལགས་ཀྱིས།
༡༽རྫོང་གསར་མཁན་པོ། འཇམ་དབྱངས་མཁྱེན་བརྩེ།
༢༽མ་དགོན་སྐྱོར་དཔོན་ཐུབ་བསྟན་རྒྱལ་མཚན།
༣༽བལ་ཡུལ་དུ་ཡོད་པའི་མཁས་དབང་བྱམས་པ་བློ་གསལ་ལགས།
གོང་གསལ་དེ་དག་ལྷག་བསམ་ཅན་ཁ་ཤས་ཤིག་གིས་གཙོ་བོ་དྲ་ལམ་ན་འོས་མི་འདོན་པ་དག་རེད་ལ།དེས་ན་ཁྱེད་ཀྱིས་ཆོས་བརྒྱུད་སྤྱི་འཐུས་སུ་འོས་མིན་འདི་ན་གསལ་སྟོན་གནང་རོགས།
