༧ས་སྐྱ་གོང་མ་རིན་པོ་ཆེའི་འཁྲུངས་སྐར་སྲུང་བརྩི།

མཛད་སྒོའི་སྐུ་མགྲོན་དུ་ས་གནས་འགོ་འཛིན་དཔལ་ལྡན་དོན་གྲུབ་དང་ས་འཐུས་ཚོགས་གཙོ་གུ་རུ་རྒྱལ་མཚན་གཙོས་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ལས་ཀྱི་སྣེ་མོ་བ་རྣམས། གྲྭ་ཚང་ཁག་དང་གཞིས་གྲོང་ཁག་གི་སྤྱི་མི་དང་ཕྱག་མཛོད་རྣམ་པ། དེ་བཞིན་མི་མང་བཅས་མཉམ་ཕེབས་གནང་ཡོད་པ་རེད། དེ་ཡང་ཐོག་མར་བདག་ཁྲི་རྡོ་རྗེ་འཆང་ཆེན་པོའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་དུང་རྒྱ་སྤོས་སྣེ་བཅས་ཀྱི་མདུན་བསུས་ཏེ་མཎྜ་རྟེན་གསུམ་དང་མཇལ་དར་འདེགས་འབུལ་སོགས་གྲུབ་རྗེས། རྟེན་འབྱུང་གི་གསོལ་ཇ་དང་འབྲས་སིལ་འདེགས་འབུལ་ཞུས། དེ་ནས་མོན་གྷོ་ས་དགོན་བརྩེ་ཆེན་མདོན་སྔགས་ཆོས་གླིང་གི་རྒྱུགས་འབྲས་རྩེ་ཕུད་ཀྱི་སློབ་མ་རྣམས་ལ་ས་འཐུས་ཚོགས་གཙོ་གུ་རུ་རྒྱལ་མཚན་དང་ས་གནས་འཕྲོད་བསྟེན་འགན་འཛིན་སྤེན་པ་བླ་བྲང་རྣམ་གཉིས་ཀྱིས་གཟེངས་སྟོད་བྱ་དགའ་གསོལ་རས་གནང་དེ་མཛད་སྒོ་མཇུག་གྲོལ་ཡོད་པ་རེད།།
མོན་གྷོ་གསར་འགོད་པས།

{jcomments on}