གནས་འདི་ན་སྨྲ་བརྗོད་རང་ དབང་མི་འདུག
ཁ་སང་ངས་བོད་ཀྱི་དུས་བབ་ཀྱི་རྩོམ་སྒྲིག་པ་ལུང་རིགས་རྒྱལ་ཁེ་ན་ཌ་ནས་བོར་བརླགས་སུ་སོང་བའི་སྐོར་ཟིན་བྲིས་ཤིག་སྤེལ་བ་ཡིན་ཏེ་བསུབ་འདུག བསུབ་མཁན་དྲ་བདག་ཡིན་ངེས་པ་རེད། གཞན་བསུབ་ཐུབ་མཁན་སུ་གཅིག་ཡོད་པ་མ་རེད། དེར་བརྟེན་བོད་ཀྱི་བང་ཆེན་གྱི་ནང་དུ་ཟིན་བྲིས་པའི་སྨྲ་བརྗོད་རང་དབང་ལ་ཚད་བཀག་བྱེད་ཀྱི་འདུག རྩོམ་སྒྲིག་པ་སྤྱི་འཐུས་ཀྱི་མིང་ཁུར་མཁན་ཞིག་རེད་དེ་མང་གཙོའི་གོམས་གཤིས་ཟུར་ཙམ་ཡང་མེད་པ་དེ་ཧ་ཅང་བློ་ཕམ་གྱི་རང་བཞིན་ཞིག་ཏུ་གྱུར་མི་འདུག