ཤམ་བྷ་ལའི་དྲྭ་ཐོག་བགྲོ་གླེང་གི་གསལ་བསྒྲགས།
དེའི་གཞོགས་འདེགས་སུ་གསེར་སྲང་སྟོང་གིས་བསྐྲུན་དུ་མེད་པའི་འདས་པའི་ཉམས་མྱོང་ལས་བསླབ་བྱ་བླངས་ཏེ། ཟིན་བྲིས་སྤུས་དག་ཅིག་སྤེལ་བ་ལ་དྲྭ་རྒྱའི་མཐུན་རྐྱེན་གང་འདྲས་དགོས་མིན་དང་། ཟིན་བྲིས་ཤིག་སྤེལ་བ་ལ། རྩོམ་པ་པོའི་ཀུན་སློང་དང་འགན་ཁུར། ཤེས་ཡོན་ནས་བཟུང་གང་འདྲ་དགོས་མིན། མ་ཟད་ཟིན་བྲིས་སྤེལ་སྟངས་དང་། མཆན་བུ་འདོགས་ལུགས། དེ་བཞིན་དེའི་སྐབས་ཀྱི་ཀུན་སྤྱོད་དང་། ལམ་ལུགས་ཇི་ལྟར་དགོས་མིན་ཐད་ནས་བཟུང་བགྲོ་གླེང་ཅིག་བྱ་ཐུབ་ན་བསམ་པ་ནི། ཐེངས་རེ་ཉིས་ཙམ་མིན་ལ། འབའ་སྐལ་བཟང་ལགས་ཀྱིས་མཚོན་ལྷག་བསམ་དང་། སྙིང་སྟོབས་ལྡན་པའི་དྲྭ་གྲོགས་གང་མང་ཞིག་གིས་བསྐུལ་མའང་ལན་མང་འབྱོར་ཡོད།
རྒྱུ་རྐྱེན་འདི་དག་ལ་གཞིར་བྱས་ནས། དེ་སྔོན་ང་ཚོའི་སྤྱི་ཚོགས་ནང་ངན་སྨོད་དང་ངོ་བསྟོད། སྐབས་འཚོལ་དང་ལད་ཟློས་སོགས་ཀྱིས་དྲྭ་ཁམས་ཉུལ་བ་ལས། ཇི་ལྟར་དྲྭ་རྒྱ་བེད་སྤྱོད་ཚུལ་གྱི་ཡང་དག་པའི་ཐབས་ལམ་ནས་བཟུང་བེད་སྤྱད་དེ་སླེབས་མཁན་ཉུང་ཉུང་རེད། འདི་ནི་དེ་སྔོན་འདིའི་སྐོར་གྱི་རྒྱུས་མྱོང་བཤད་མཁན་མེད་པ་དང་། མི་ངོ་འདུ་འཛོམས་ཀྱིས་ཕན་ཚུན་གོ་རྟོགས་སྤེལ་མྱངས་མེད་པས་ཀྱང་རེད་སྙམ།
དེར་བརྟེན་ང་ཚོ་ལ་ཁེ་སངས་ཅན་གྱི་ཤེས་བྱ་འདི་དག་རག་མེད་པའི་གྱོང་གོད་ཁ་གསབ་རྒྱུར་སོགས་ལ་ཆེད་དམིགས་ཀྱིས། དྲྭ་བདག་མཆོག་ལ་དགོངས་ཞུས་དང་བཅས་ཤམ་བྷ་ལའི་དྲྭ་ཐོག་བགྲོ་གླེང་འདི་གོ་སྒྲིག་ཞུ་རྒྱུའི་འདོད་པ་བྱུང་བས། དེ་ལུགས་ཀུན་གྱིས་དགོངས་ཆུབ་ཡོང་བར་མཁྱེན་ཞུ་རྒྱུ་ཡིན།
བགྲོ་གླེང་འཚོགས་ཡུལ།་་་་་ ཤམ་བྷ་ལའི་དྲྭ་རྒྱའི་ནང་གི་འཆམ་ར་བའི་ཁྱིམ་ཚང་ནང་ཡིན།
བགྲོ་གླེང་འཚོགས་དུས།་་་་་ རེས་གཟའ་ལྷག་པ། འདི་ཟླའི་ཕྱི་ཚེས ༢༢ ཉིན་ཡིན།
བགྲོ་གླེང་གི་བརྗོད་བྱ།་་་་ དྲྭ་རྒྱའི་མཐུན་རྐྱེན་དང་ཟིན་བྲིས་སྤེལ་ཕྱོགས་འགན་ཁུར་སོགས་ཀྱི་སྐོར་ཡིན།
ཞིབ་ཕྲའི་གནས་ཚུལ་གང་འགྱོགས་གསལ་བརྡ་ཞུ་ཆོག་པ་བཅས་པའི་ཕྱོགས་བསྒྲགས་འདིའང་གུས་འདུད་ལན་བརྒྱ་དང་བཅས་འཆམ་ར་དྲི་མེད་རྒྱལ་ནས་ཕུལ།།
