སེམས་གཏམ་དྭངས་མོའི་རེ་བསྐུལ།
ལས་མི་ཡོངས་ལ་སྙིང་ཐག་པ་ནས་ཐུགས་ཆེ་ཞུ་རྒྱུ་མ་ཟད།མ་འོངས་ཀྱང་བྱ་བ་ལམ་འགྲོ་ཡོང་བའི་སྨོན་ལམ་བཅས་སྔོན་དུ་འགྲོ་ནས་གུས་པའི་རེ་བ་ཞིག་ཡོད་པ་ནི་འདི་ལྟར།
དྲ་ཚིགས་སུ་སྐད་ཡིག་གསུམ་ལྡན་གྱི་གསར་འགྱུར་གཙོ་བྱེད་པའི་ལོ་རྒྱུས་དང་རྩོམ་ཆོས།མི་སྣ་ངོ་སྤྲོད་སོགས་སོ་སོའི་འདོད་མོས་ཀྱི་རོལ་རྒྱུ་ཡོད་པ་ནི་དགའ་འོས་པ་ཞིག་རེད།ཡིན་ནའང་དྲ་རྒྱ་ལས་ཚགས་ཤོག་གཟིགས་མཁན་མང་ལ་ཚགས་ཤོག་བོད་ཡིག་ལས་མེད་པའི་དེ་ལྟ་མཁན་ཡང་བོད་ནས་གསར་དུ་འབྱོར་བ་རྣམས་ལས་བཙན་བྱོལ་ནང་དུ་འཚར་ལོངས་བྱུང་བ་དང་འབྱུང་བཞིན་པའི་ན་གཞོན་རྣམས་བོད་ཡིག་གི་ཤེས་ཚོད་དམན་པས་དབྱིན་ཡིག་ཚགས་ཤོག་སོགས་ལ་དོ་སྣང་བྱེད་པ་ལས་བོད་ཡིག་གི་ཚགས་ཤོག་ལ་དོ་སྣང་བྱེད་མཁན་ཧ་ཅང་ཉུང་བས།ངས་རེ་བར་ཁྱེད་བང་ཆེན་ཚང་དང་བོད་ཀྱི་དུས་བབས་ཚང་གཉིས་ཀྱི་དབྱིན་ཡིག་ཚགས་ཤོག་རེ་ཡང་སྤེལ་ཐུབ་ན་ཧ་ཅང་བཟང་པོ་འདུག་དྲན་བཞིན་ཡོད།ད་དུང་གསར་འགོད་པ་གཙོ་བྱེད་པའི་ལས་མི་མང་དུ་བཏང་ནས་ཅི་མགྱོགས་ཉིན་རེ་ཚགས་ཤོག་བཟོ་ཐུབ་ན་དེ་ལས་བཟང་བ་མ་ཟད་བཟོ་ཐུབ་པའི་རེ་བ་ཡང་ཡོད།
གུས་པས་རེ་བ་དེ་ཨ་ཕའི་ཚབ་ལ་བུ་ཡིས་བཤད་ཟེར་བ་ལྟར་ཡིན་སྲིད་ཀྱང་བསམ་པ་རྣམ་དག་དང་སྤྱི་ཚོགས་ནང་གི་ཉམས་མྱོང་བཅས་ལ་བལྟས་ནས་རེ་བ་དེ་ཞུས་བ་ཡིན་པའི་ཁྱེད་རྣམ་པའི་དེ་ཡི་ཐད་ཐུགས་བསམ་གང་བཟང་བཞེས་པའི་རེ་བ་ཡོད་ལ་ངས་ཞུ་བ་དེ་ཕན་ཐོགས་ཡོད་མེད་དྲ་རོགས་ཚོས་ཀྱང་དགོངས་ཚུལ་རེ་གསུང་ན་ག་འདྲ་འདུག།
