བཀའ་ཁྲི་གསར་པའི་འོས་མི།

དེ་ཡང་ངས་ཕྱོགས་གཅིག་བསམ་བཞིགས་བྱས་པ་ཙམ་མིན་པར་སློབ་སྦྱོང་དང་ལྷག་བསམ་དྲང་ལྡན་བརྟན་གླིང་བཅས་ཕྱོགས་མཐའ་དག་ནས་བརྟག་དཔྱད་ཞིབ་འཇུག་གིས་ཐག་བཅད་པ་ཡིན་ལ། ངའི་ཕ་མ་གཉིས་ཀྱི་འོས་ཆོས་སྐོར་ཁྱེད་རྣམ་པའི་མིག་སྔར་གཟིགས་འབུལ་ཞིག་ཞུས་ན་ད་གཟོད་ཁྱེད་རྣམ་པའི་འདི་ཡིན་འདི་མིན་གྱི་གོ་རྟོག་གསར་པ་ཞིག་བརྙེད་ཐུབ་ངེས་སྙམ།

དེའི་ཕྱིར་ངའི་ཕ་མ་གཉིས་ཀྱི་ལོ་རྒྱུས་སྐོར་མདོར་ཙམ་བརྗོད་ན་ཡབ་ཁ་དོན་མི་མཚུངས་པ་ཁོང་གི་སྐྱེས་ཡུལ་ནི་ཕྱོགས་ལྷུང་གི་དྲྭ་བར་ཡིན་ཞིང་། ཡབ་ཞེན་ཁོག་རྒྱལ་པོ་དང་ཡུམ་འཐེན་འཁྱེར་ལྷ་མོ་གཉིས་ཀྱི་སྲས་སུ་ཕྱི་ལོ་༡༩༤༥ལོར་འཁྲུངས། དགུང་ལོ་བཅུ་ནས་བཅོ་ལྔ་བར་ར་རྫིར་སོང་སྟེ་ར་སྤུས་ཀ་བཟང་བ་རྣམས་བྱམས་ཀྱིས་བསྐྱངས། ར་ཤ་ཤེད་སྐྱོ་བ་རྣམས་ལ་རྩྭ་ཆུ་སོགས་ཚད་བཀག་གིས་སྡུག་བསྔལ་གྱི་གནས་ལ་དྲངས། དགུང་ལོ་བཅོ་ལྔ་ནས་ཉེར་ལྔའི་བར་ལུག་རྫི་བྱས། ལུག་རྫི་བྱས་སྐབས་སུ་ཡང་སྔ་ལྟར་ལས་མ་འདས། དགུང་གྲངས་སུམ་ཅུ་ནས་ད་བར་ཕ་རྗེས་བུ་འཛིན་བྱས་ཡོད།

ཨ་མ་ཡང་སྐྱེས་ཡུལ་ནི་ཕྱོགས་ལྷུང་གི་དྲྭ་བར་ཡིན་ཞིང་ཡབ་ཞེན་ཁོག་གཏིང་ནག་རྡོ་རྗེ་དང་ཡུམ་རང་གཅེས་འཛིན་ལྷ་མོ་གཉིས་ཀྱི་སྲས་སུ་ཕྱི་ལོ་༡༩༥༠ལོར་འཁྲུངས། དགུང་གྲངས་བརྒྱད་ནས་བཟུང་ཕྱོགས་ལྷུང་འཐེན་འཁྱེར་སོགས་ལ་སློབ་སྦྱོང་བྱས། ཕྱི་ལོ་༡༩༧༩ལོར་སློབ་ཐོན་སློབ་མའི་ལག་ཁྱེར་ཨང་ཀི་དང་པོ་འཐོབ། དེ་ནས་བཟུང་ད་བར་སྔོན་དུས་སློབ་སྦྱོང་ཇི་བྱས་ན་ཉམས་བཞེས་མཐར་ཕྱིན་པར་མཛད།

དེར་བརྟེན་ཚང་མས་ངའི་ཕ་མ་གཉིས་ལ་འོས་གང་མང་འཕེན་རོགས་གནོང་དང་། ངེད་ཕ་མ་གཉིས་འོས་ཐོབ་སོང་ན་བོད་པ་ཚང་མ་ཡོ་རོལ་དང་ཨ་རི་སོགས་སུ་བཏང་ནས་བོད་སྐྱབས་བཅོལ་གཞུང་དེ་ཁ་ཐོར་དགུ་ཐོར་དུ་གཏོང་ངེས་ཡིན། ཐུགས་རྗེ་ཆེ། །