ཁྱོད་ཀྱི་བསམ་ཚུལ་ག་འདྲ་ཡོད།

 

རྩོམ་པ་པོ་ཆོས་ཉིད་འོད་ཟེར་གྱིས་གསུང་པ་ལྟར་བཙན་བྱོལ་བོད་གཞུང་འདི་མི་ཚང་ཆེན་མོ་གསུམ་གྱི་བདག་བཟུང་བྱེད་པ་ཡིན་ནམ།

གལ་ཏེ་ཡིན་ན་དེ་ལས་གཞན་བཀའ་ཁྲིའི་འོས་མིག་ཏུ་ཞུགས་ཀྱང་རེ་བ་མེད་པ་ཡིན་ནམ།

བོད་པ་ཚང་གི་སྤྱི་ཚོགས་ནང་དུ་ལབ་གླེང་བྱེད་ཕྱོགས་གཅིག་ཡོད་པ་ནི་བཀའ་ཁྲིའི་འོས་གཞི་དང་སྤྱི་མཐུས་ཀྱི་འོས་གཞི་གཉིས་རེད།

དེ་ཡང་མང་ཚོགས་ནང་དུ་མི་མང་པོ་ཞིག་གིས་ད་ལམ་བཀའ་ཁྲིའི་འོས་གཞི་མཁས་དབང་བློ་བཟང་སེང་གེ་མ་ཐོབ་པ་ཡིན་ན་བོད་པ་ཚང་གི་མི་རབས་གསར་པ་ཕམ་པ་རེད་གསུང་མཁན་མང་ནས་མང་དུ་འགྲོ་གིན་འདུག་ན་དྲྭ་གྲོཊ་རྣམས་པའི་དགོངས་ཚུལ་ག་འདྲ་ཡོད།

བཀའ་སྤྱི་གཉིས་ཀྱི་འོས་གཞི་འཕེན་པ་དུས་ཡུན་ཉིན་བཞི་ལས་མེད་པའི་སྐབས་སུ་རང་རང་སོ་སོའི་བྲེལ་ཟིང་གི་ཐོག་ནས་སྲམ་ལམ་དུ་འོས་གཞི་བཀྲམ་པ་དང་སྒྲ་ཐག་བཀྲམ་པ།་སྲམ་ལམ་གྱི་རྩིག་ངོས་སུ་འོས་གཞི་སྦྱར་བ་སོགས་ཀྱི་བྱེད་སྒོ་ད་དུང་ཡང་རྒྱུན་མ་ཆད་པ་ཉིན་རེ་བཞིན་མང་དུ་འགྲོ་བ་དང། ཕྱོགས་གཞན་ཞིག་ནས་ཁག་ཅིག་གིས་རང་གི་འདོད་པ་དང་མི་མཐུན་ཚེ་མ་བཀོག་དང་ཡང་ན་རི་མོ་བྲིས་པ་བ་ཕྱུགས་ཀྱི་ལྕི་བ་བྱུག་པ་སོགས་བྱེད་ཀྱིན་འདུག་ན་དེའི་ཅི་ཞིག་བོད་པ་ཚང་ནང་དུ་མཚོན་གྱིན་ཡོད་དམ།