བློ་བཟང་སེང་གེ་མ་ཐོབ་ན་གཞོན་སྐྱེས་ཚོས་ངོ་རྒོལ་གྱི་ཉན་ཁ་ཡོང་སྲིད་དམ།

ངས་བསམ་པར་ལོ་འདི་ཡི་ཟླ་བ་ལྔ་པའི་ཚེས་བཅུ་ཡས་མས་ཤིག་ནས་བོད་རྒྱ་ཡོངས་མང་གཙོ་ཚོགས་པས་འབྱུང་འགྱུར་བཀའ་ཁྲི་ཡི་འོས་མི་གཉིས་བཏོན་པ་ནས་བཟུང་དང་བླངས་ཀྱི་ཐོག་ནས་ང་བཀའ་ཁྲིའི་འོས་མི་ལངས་པ་ཡིན་ང་བཀའ་ཁྲིའི་ཡི་འོས་མི་ལངས་པ་ཡིན་ཞེས་གཅིག་ཁ་གཉིས་ཁ་མེད་པར་བཙན་བྱོལ་བོད་མའི་སྤྱི་ཚོགས་ཆུང་ཆུང་འདིའི་ནང་དུ་ཀྱང་འབྱུང་འགྱུར་གྱི་བཀའ་ཁྲི་ལ་འཚང་ཁ་རྒྱག་མཁན་ཧ་ཅང་མང་ན་ཡང་།  དེའི་ཁྲོད་ནས་རྒྱ་ཆེ་བའི་གཞིས་བྱེས་གཉིས་དང་བོད་མི་་མང་ཚོགས་སུ་དགའ་བསུ་ཐོབ་ཤོས་དང་།    འབྱུང་འགྱུར་མང་ཚོགས་ཀྱིས་སེམས་གཅིག་བློ་གཅིག་གིས་ཁོང་ཐོབ་ན་སྙམ་པའི་བཀའ་བློན་ཁྲི་པར་རེ་བ་རྒྱག་ས་སྟེ་མཁས་དབང་བློ་བཟང་སེང་གེ་ཆགས་ཡོད་ན་ཡང་ངས་བསམ་པ་འོས་བླུག་པའི་ཉིན་མོ་དེར་མཁས་དབང་བློ་བཟང་སེང་གེ་ཕམ་སྲིད་པའི་ཉན་ཁ་གསུམ་འདུག་སྙམ་གྱིན་ཡོད།   དེ་དག་རེ་རེ་བཞིན་འོག་ཏུ་བགྲང་ན།  དེ་ཡང་དང་པོ་མཁས་དབང་བློ་བཟང་སེང་གེ་ལ་རྒྱབ་སྐྱོར་ཆེ་ཤོས་ཏེ་འཇིག་རྟེན་པའི་ཁ་དཔེར་བཞིན་གནམ་ལ་ཡོད་པའི་ཉི་ཟླ་སྐར་གསུམ་དང་།  ས་རུ་ཡོད་པའི་སེར་འབྲས་དགེ་གསུམ་ཞེས་པའི་དཔེར་ལྟར་གདན་ས་སེར་འབྲས་དགེ་གསུམ་གཅོ་བོ་གྱུར་པའི་རིགས་སུ་མ་ཆད་པའི་ཆོས་སྡེ་ཁག་རེད།  གཉིས་པ་ཁོང་ལ་འོས་ཤོག་གི་རྒྱབ་སྐྱོར་བྱས་མཁན་བོད་མི་ས་ཡག་དྲུག་གི་ཨ་ཡོད་ནང་གི་ད་ཡོད་དང་སྒོ་ང་ནང་གསེར་རིགས་ཞེས་པའི་ཁ་དཔེར་བཞིན་མ་འོངས་བོད་མི་མང་གི་སྲོག་རྩ་འཛིན་མཁན་གྱི་ཤེས་ཡོན་དང་རྣམ་དཔྱོད་ཡངས་བའི་དེང་དུས་ཀྱི་གཞོན་སྐྱེས་སློབ་གྲྭ་ཁག་རེད།  གསུམ་པ་ཁོང་ལ་འོས་ཤོག་གི་རྒྱབ་སྐྱོར་བྱེད་མཁན་དེ་བོད་མི་ས་ཡ་དྲུག་གི་ཡ་རབས་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་།  མ་རབས་བྱ་སྤྱོད་ངན་པ་རྩ་དོར་བྱེད་མཁན་གྱི་གྲས་སུ་གཏོགས་པའི་དེང་དུས་ཀྱི་རྣམ་དཔྱོད་ཤིན་ཏུ་ཡངས་བའི་གཞི་ཆགས་ཁག་གི་གཞོན་སྐྱེས་ཚོ་རེད།  དེ་དག་རེ་རེ་བཞིན་ངས་བསམ་གཞིགས་ཤིག་བྱས་ཡོང་དུས་ང་ཚོའི་གཟབ་དགོས་པ་ཞིག་ལ་འོས་འཕེན་པའི་ཉིན་མོ་དེར་མཁས་དབང་བློ་བཟང་སེང་གེ་འོས་ཕམ་སྲིད་པའི་ཉན་ཁ་གསུམ་འདུག།  དང་པོ་དེ་གོང་དུ་ཞུས་པ་བཞིན་གདན་ས་ཁག་རེད།  གདན་ས་ཁག་ཏུ་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་ཧ་ཅང་མང་ན་ཡང་དེ་དག་གི་ཁྲོད་ནས་འོས་ཤོག་བླུག་ཆོག་མཁན་དང་མི་ཆོག་མཁན་གཅིག་རིགས་ཡོད།  དཔེར་ན་གདན་ས་རུ་བསླེབས་ནས་ལོ་བཞི་ལྔ་མ་གཏོགས་ཟིན་མེད་མཁན་ཚོར་མང་ཆེ་བར་རང་བཙན་ལག་དེབ་གཟོ་མི་ཚར་མཁན་དང་གཟོས་ཡོད་ཀྱང་ད་དུང་ཁ་ཐུག་མར་བསླེབ་མ་ཟིན་པ་མང་པོ་ཞིག་འདུག་པ་དང་།ད་དུང་བསླེབས་ནས་ལོ་མང་པོ་སོང་ཡང་རང་དབང་ལག་དེབ་མ་གཟོས་མཁན་རྒན་པ་མང་པོ་ཡོད་པས་དེ་དག་གིས་རྒྱབ་སྐྱོར་བྱེད་ཀྱང་འོས་བླུག་པའི་ཐོབ་ཐང་མེད་པའི་རྒྱུ་མཚན་གཅིག་གི་མཁས་དབང་མཆོག་ཕམ་སྲིད་པའི་ཉན་ཁ་དང་པོ་དེ་རེད་ལ།  གཉིས་པ་ཡང་གོང་དུ་ཞུས་པ་བཞིན་སློབ་གྲྭ་ཁག་རེད།  སློབ་ཁག་ལ་འོས་ཕམ་གྱི་ཉན་ཁ་ཇི་ལྟར་བྱུང་སྲིད་དམ་ཞེ་ན་དཔེར་ཆུང་ཆུང་ཞིག་བཞག་ན་ཁ་སྔོན་སློབ་གྲྭ་ཁག་གུང་སེང་མ་འགྲོ་གོང་སློབ་གྲྭ་ག་གེ་མོ་ཞིག་ཏུ་ངའི་སྤུན་ཆེད་བུ་མོ་ཞིག་གིས་བརྗོད་དོན་ལྟར་ན་དང་ཐོག་སློབ་ཕྲུག་བཅུ་ཉེ་ཤུ་ལྷག་ཞིག་གིས་ཁྱེད་ཚོས་འོས་སུ་ལ་འཕེན་གྱི་ཡིན་ཟེར་ན་མཁས་དབང་བློ་བཟང་སེང་གེ་ལ་འཕེན་གྱི་ཡིན་ཟེར་མཁན་མང་པོ་འདུག་ཟེར་ཡང་རྗེས་སུ་སློབ་གྲྭ་ཁག་གུང་སེང་གྲོལ་རྗེས་དངུལ་གྱི་དབང་ཤུགས་སམ་མགོ་བསྐོར་གྱི་འོག་ཏུ་ཚོད་ཟིན་པས་དྲི་བ་དེ་ཡང་བསྐྱར་སུ་འཕེན་གྱི་ཡིན་ཞེས་འདྲི་དུས་བཀྲས་མཐོང་དང་རྒྱ་རི་སྒྲོལ་མ་གང་རུང་ལན་རྒྱག་གི་འདུག་ཟེར་བ་འདི་ལ་དཔག་ན་ཀྱང་མཁས་དབང་བློ་བཟང་སེང་གེ་འོས་ཕམ་སྲིད་པའི་ཉན་ཁ་གཉིས་པ་དེ་རེད།  གསུམ་པ་དེ་ཡང་གོང་དུ་ཞུས་པ་བཞིན་དེང་དུས་ཀྱི་རྣམ་དཔྱོད་ཡངས་བའི་གཞི་ཆགས་ཁག་གི་གཞོན་སྐྱེས་ཚོ་རེད། དེ་དག་ལ་བསམ་གཞིགས་ཤིག་བྱས་ཡོང་དུས་ངས་བསམ་པ་དེང་གི་མི་བུ་དག་ཤེས་ཡོན་བྱང་ཆུབ་པ་ཞིག་ཡིན་ཡང་དངུལ་གྱིས་བཙན་འཛུལ་བྱེད་མ་ཐུབ་པ་ཞིག་གཏན་གཏན་ཡོང་མི་སྲིད་པ་ཞིག་རེད།  དེར་བརྟེན་གཞོན་སྐྱེས་དེ་དག་ཀྱང་དཔལ་འབྱོར་གྱི་དབང་ཤུགས་ཆེ་བའི་མི་བུ་ཚོས་དེང་གི་གཞོན་སྐྱེ་ཚོར་རང་དབང་གི་འཕེན་ཆོག་པའི་འོས་ཤོག་དེ་སུ་བླུག་རང་དབང་མེད་པ་གཟོ་སྲིད་པས་མཁས་དབང་མཆོག་འོས་ཕམ་སྲིད་པའི་ཉན་ཁ་གསུམ་པ་དེ་རེད།  དེ་དག་གི་བྱ་བ་ཐམས་ཅད་མི་ཡོང་བའི་ཕྱིར་དུ་ང་ཚོས་ཀྱང་ཐབས་ཤེས་གང་ཡག་ཡག་ཞིག་བསམ་གཞིག་བྱེད་དགོས་ཀྱི་འདུག།   དེར་བརྟེན་བློ་བཟང་སེང་གེ་ཐོབས་སོང་ན་བོད་མི་མང་བསམ་དོན་འགྲུབ་པ་ཡིན་ཡང་།  ཡང་ང་ཚོས་བསམ་གཞིག་བྱེད་དགོས་པ་ཞིག་ལ་གལ་ཏེ་མཁས་དབང་བློ་བཟང་སེང་གེ་མ་ཐོབ་ན་བོད་གཞུང་ལ་ཉན་ཁ་གང་འདྲ་ཞིག་འབྱུང་མིན་འདི་ཀྱང་ང་ཚོས་གླེང་དགོས་པའི་གནད་ཞིག་ཏུ་འཁུམས།  དེའི་སྐོར་ང་རང་གི་ཚོད་དཔག་ཅིག་བྱས་ཡོང་དུས།  གལ་ཏེ་བློ་བཟང་སེང་ཕམ་སོང་བ་ཡིན་ན་བཙན་བྱོལ་བོད་གཞུང་དང་།  ལྷག་པར་དུ་བོད་གཞིས་བྱེས་གཉིས་སུ་བཞུགས་བཞིན་པའི་ཤེས་ཡིན་པ་དང་སྲིད་དོན་པ་བསམ་བློ་བ་སོགས་ཀྱིས་བཙོན་བྱོལ་བོད་གཞུང་ལ་ངོ་རྒོལ་གྱི་རྣམ་པ་གསལ་པོ་བསྟན་སྲིད་ཀྱི་རེད་ལ།   དུས་དེར་བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི་ཀྱང་གཞིས་བཞུགས་རྩོམ་པ་པོ་ལྷམ་ཀོ་ལགས་ཀྱིས་གསུངས་པ་བཞིན་ཁོས་༼བླ་མ་དབང་ཤུགས་ཆེ་སར་དམང་གཙོ་མེད་༽ཞེས་པའི་ལེགས་བཤད་འདི་ཡང་གཞོན་སྐྱེས་ཚོས་ཀྱང་རིག་པ་ཞིག་བཏང་ནས་བཙན་བྱོལ་སྤྱི་ཚོགས་འདི་ཡང་༼དངུལ་གྱི་དབང་ཤུགས་ཆེ་སར་དམང་གཙོ་མེད་༽ཞེས་པའི་སྤྱི་ཚོགས་ཤིག་གཏན་གཏན་ཆགས་ངེས་རེད།  དེར་བརྟེན་བཙན་བྱོལ་བོད་མི་མང་གི་དང་བླངས་གཞོན་ནུ་ཚོགས་པས་ཀྱང་ངོ་རྒོལ་བྱེད་ངེས་རེད་ལ་ད་དུང་གདན་ས་གསུམ་གཙོ་བོ་གྱུར་པའི་ཆོས་རྒྱུད་ཆེན་པོ་བཞི་ཡི་གྲྭ་བཙུན་ཚོས་ཀྱང་ངོ་རྒོལ་གྱི་རྣམ་པ་ཤུགས་ཆེན་བྱེད་མི་སྲིད་པའི་ངེས་པ་གཏན་ནས་མེད།    དུས་དེར་ངས་བསམ་པ་གཞིས་བྱེས་བོད་མི་གཉིས་ལ་རྒྱ་དགའ་བོད་སྡུག་གི་རྣམ་པ་ཐེངས་གཉིས་པ་འདི་མགོ་གཏན་གཏན་ཚུགས་ཀྱི་རེད་དྲན་ཡོད།།

འདོན་སྤེལ།: ༢༠༡༠/༠༩/༣༠