ས་གནས་གཞི་འགོ་དངུལ་གྱི་དབང་ཤུགས་འོག་ཏུ་ཚོད་ཡོད་པའི་བསྒྲགས་གཏམ།
ཁ་སྔོན་བཀའ་ཁྲི་འོས་མི་ལངས་མཁན་གྱི་ནང་ནས་བཀྲས་མཐོང་དང་སྤེན་པ་ཚེ་རིང་གཉིས་གཞི་ཆགས་ཁག་དང་དགོན་སྡེ་ཁག་དུ་འབྱུང་འགྱུར་བཀའ་ཁྲིའི་འོས་ཐོབས་ན་ལས་དོན་བྱེད་ཕྱོགས་སྐོར་གསར་བསྒྲགས་བྱེད་སར་སོང་ཡོད་མེད་གླེང་མཁན་མི་འདུག་ཀྱང་མཁས་དབང་བློ་བཟང་སེང་གེ་དང་། རྒྱ་རི་སྒྲོལ་མ་གཉིས་གཞི་ཆགས་ཁག་དང་དགོན་སྡེ་ཁག་དུ་བསྐོར་སྐྱོད་བྱས་པ་རེད། འདིའི་ཐད་དུ་མཁས་དབང་བློ་བཟང་སེང་གེ་ལ་རྒྱབ་སྐྱོར་བྱས་མཁན་བཙོན་ཟུར་བ་དགའ་ལྡན་གྲྭ་བག་བྲོ་ལགས་ཀྱི་བློ་བཟང་སེང་གེ་ངོ་སྤྲོད་ཆེད་དུ་གདན་ས་ཁག་དང་། གཞི་ཆགས་ཁག་ཏུ་ཕྱིན་ཡོད་མོད། དེར་བརྟེན་མོན་གྷོ་འདོད་དགུ་གླིང་དུ་མི་མང་ལ་ངོ་སྤྲོད་བྱེད་སར་བསླེབས་ཡོད་ཀྱང་ས་གནས་གཞི་འགོ་ཡིས་མི་མང་ཚོགས་ཁང་ནང་དུ་དགའ་ལྡན་གྲྭ་བག་བྲོ་ལ་ངོ་སྤྲོད་བྱེད་བཅུག་མེད་པ་རེད། དེའི་རྗེས་སུ་རྒྱ་རི་སྒྲོལ་མ་མོན་གྷོ་རུ་ཡོང་དུས་ས་གནས་གཞི་འགོ་ཡིས་མི་མང་ཚོགས་ཁང་ནང་དུ་གཏམ་བཤད་རོ་འདྲ་ཞིག་སྤེལ་བཅུག་པ་མ་ཟད་ད་དུང་འབྲས་སྤུངས་གླིང་དུ་རྒྱ་རི་སྒྲོལ་ཕྱིན་ཡོད་ནའང་སྒོ་བློ་གཉིས་ཀྱིས་དགེ་བསྐོས་ཀྱིས་གཞུང་འབྲེལ་མ་ཡིན་པ་སོང་ཙང་ངོས་ལན་གཏན་ནས་མེད་ཅེས་གསུངས་ཡོད་ཀྱང་རྗེས་སུ་ས་གནས་གཞི་འགོ་དགེ་བསྐོས་གཉིས་སར་སོང་སྟེ་རྒྱ་རི་སྒྲོལ་མ་འདྲ་ཡི་མ་རེད། ཁོང་གཞུང་གི་ལས་བྱེད་རེད། ཡོང་བཅུག་དགོས་ཀྱི་རེད་ཅེས་བཤད་འདུག། དེའི་རྗེས་དགེ་བསྐོས་གཉིས་ཀྱིས་ཀྱང་ཁོང་གཞི་འགོ་ཞིག་གི་མིང་ཁུར་ཡོད་པ་སོང་ཙང་ཡོང་ཆོག་པ་བྱས་ཡོད། གནས་ཚུལ་འདི་དག་ལ་དཔག་ནས་དེང་སང་སྲང་ལམ་བར་དང་། ཟ་ཁང་དང་ཚོང་ཁང་གང་དུ་བསྐྱོད་ཀྱང་མང་ཚོགས་ཀྱིས་མིན་གྷོ་སར་གནས་གཞི་འགོ་ཀྱང་དངུལ་གྱི་དབང་ཤུགས་འོག་ཚུད་ཟིན་ཚུལ་ཤ་སྟག་གླིང་གི་འདུག།