བདག་དང་མ་ཡུམ་སློབ་གྲྭ།

 

 

ཤེས་རབ་སྐད་སྒྲའི་འོད་གསལ་ལྡིར།།

དཀའ་གནདབགྲོ་གླེང་རྟགས་ཀྱིས་འགྱེད།།

བདག་ལུས་རྨོངས་གཉིད་དུག་རླངས་དེ།།

གཤེས་གཉེན་སྨན་གྱིས་རྩད་ནས་བཅོད།།

                            

རང་གཤིས་བལ་འཇམ་སློབ་བུ་ཡི།།

བདག་ལུས་རྩུབ་རེག་ཟིལ་གྱིས་མནན།།

མཁྱེན་སྤྱོད་ཟབ་པའི་རྒྱ་མཚོ་ཡིས།།

མུན་གསལ་སྒྲོན་མེ་བདག་ལ་བྱིན།།

 

གཞོན་ནུའི་ལང་ཚོ་མེ་ཏོག་བཞད།།

རྣམ་དཔྱོད་རིག་རྩལ་སད་ཀྱིས་ཁྱེར།།

མཛེས་མའི་ཞལ་རས་ཟླ་བ་ཤར།།

ཁ་སྒོ་བདག་མེད་སྐྱུང་སྨྱོན་བཞིན།།

 

ཤེས་ཡངས་ནམ་མཁར་ལྡིང་གྱུར་ཡང་།།

བཤེས་གཉེན་བདུད་རྩི་གཡང་དུ་འཕངས།།

དུས་ཚོད་གསེར་དཀོན་ཐོབ་ན་ཡང།།                                      

ལག་ལེན་ཉིན་མོའི་སྐར་མ་བཞིན།།