ཇོ་ལེབས་ཟླ་བ་འཛིན་བཟུང་བཀག་ཉར།
《དུས་རབས་ཀྱི་ང་》ཞེས་པའི་དུས་དེབ་ཀྱི་རྩོམ་སྒྲིག་པ་དང། རྔ་པའི་སློབ་གྲྭ་ཞིག་གི་དགེ་རྒན་ཡང་ཡིན་འདུག དེ་སྔོན་ཁོང་གི་རྩོམ་སྒྲིག་ལས་རོགས་མི་གཉིས་འཛིན་བཟུང་བཀག་བྱས་བྱས་ཡོད་པ་དང། ཁོང་འཛིན་བཟུང་དགོས་དོན་ཡང་དུས་དེབ་ལ་འབྲེལ་བ་ཡོད་ཚོད་དཔག་བྱེད་ཀྱི་ཡོད་པ་རེད། ཁོང་ལོ་ཤས་སྔོན་རྔ་པ་ནས་པགས་རིགས་ཀྱི་རྒྱན་གོས་མེར་བསྲེག་གཏོང་སྐབས་ཀྱི་ལས་འགུལ་སྣེ་ཁྲིད་པའི་དོགས་གཞིའི་འོག་ཟླ་གཅིག་ཙམ་རིང་རྔ་པ་རྫོང་ནས་བཀག་ཉར་བྱས་ཤིང༌། ཕྱི་ལོ་༢༠༠༨ ཟླ་༣ ཚེས་༡༦ ཉིན་གྱི་ཞོགས་ཀ་རང་ཁྱིམ་ནས་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་ཟླ་ཤས་རིང་བཀག་ཉར་བྱས་འདུག
ཁོང་གི་ཆུང་མས་རྔ་པ་རྫོང་ཐོག་ནས་དཔེ་ཚོང་ཁང་ཞིག་གཉེར་བཞིན་ཡོད་པ་དང༌། ཁོང་གཉིས་ལ་ཕྲུ་གུ་གཉིས་ཡོད་འདུག ཁོང་འཛིན་བཟུང་བྱས་རྗེས་སུ་རྔ་པ་རྫོང་ཉེན་རྟོག་མི་སྣས་དཔེ་ཚོང་ཁང་སྔོག་བཤེར་བྱས་ཏེ་བཅའ་དངོས་མང་པོ་ཞིག་ཁྱེར་ཡོད་ཀྱང། ཉེན་རྟོག་པས་ཁྱེར་བའི་བཅའ་དངོས་རྣམས་ག་རེ་ཡིན་མིན་མི་མང་ཚོས་གསལ་པོ་ཤེས་མི་འདུག་པ་བཅས།
ཀིརྟི་གྲྭ་ཚང་གི་གྲྭ་ཚེ་རིང་གིས། ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༥ ལ།
{jcomments on}