མཁས་དབང་བློ་བཟང་སེང་གེ་ལ་བོད་ཆོལ་ཁ་གསུམ་གྱིས་རྒྱབ་སྐྱོར་བྱེད་ཀྱི་འདུག

 

མཁས་དབང་ཁོང་ནི་ཆོལ་ཁོངས་མདོ་སྟོད་ཡིན་རུང་མདོ་སྟོད་ཀྱི་མིང་ཁུར་མཁན་བློ་བཟང་སེང་གེ་ལ་སྔོན་འགོག་བྱེད་མཁན་བྱུང་ཡོད་པ་ཡོངས་གྲགས་རེད་ལ། དབུས་གཙང་གི་ན་གཞོན་གང་མང་གིས་མཁས་དབང་ཁོང་ལ་རྒྱབ་སྐྱོར་ཧ་ལས་པ་བྱས་ཡོད།

མདོ་སྟོད་ཆུ་བཞི་སྒང་དྲུག་དབུས་རྒྱུན་གྱིས་བཀའ་ཁྲིའི་འོས་གཞིར་བློ་བཟང་སེང་གེ་བཞག་མེད་པ་ཙམ་དུ་མ་ཟད་བཀའ་ཁྲིའི་འོས་གཞི་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་ལ་རྒྱབ་སྐྱོར་བྱས་ཡོད་པ་དང་། མདོ་སྟོད་སྤྱི་འཐུས་རྒྱ་རི་སྒྲོལ་མས་མོ་རང་བཀའ་ཁྲིར་འཐོབ་ཐབས་འབད་བརྩོན་བྱས་ཡོད། རྒྱུ་མཚན་དེ་དག་ལ་བརྟེན་ནས་མདོ་སྟོད་ཀྱིས་བློ་བཟང་སེང་གེ་ལ་རྒྱབ་སྐྱོར་དེ་ཙམ་བྱས་མེད་པ་གསལ་བོ་ཆགས་ཡོད།

མཁས་དབང་བློ་བཟང་སེང་གེ་བཀའ་ཁྲིར་ཐོབ་པ་ཡིན་ན། དེ་ནི་ཆོལ་མསུམ་དབྱེར་མེད་ཀྱི་གཞོན་སྐྱེས་ཤེས་ཡོན་ཅན་རྣམས་དང་། རིས་མེད་ཆོས་སྡེ་ཁག སློབ་གྲ་ཁག དབུས་གཙང་མི་མང་དང་། མདོ་སྟོད་མདོ་སྨད་ཀྱི་ཤེས་ལྡན་གཟུར་གནས་མི་མང་བཅས་ཐུན་མོང་གིས་རྒྱབ་སྐྱོར་བྱས་པའི་བཀའ་དྲིན་ཡིན་པར་ཤེས་དགོས།

མདོར་ན་དབུས་གཙང་མི་མང་གིས་མཁས་དབང་བློ་བཟང་སེང་གེ་ལ་རྒྱབ་སྐྱོར་ཆེན་པོ་བྱེད་ཀྱི་ཡོད་པར་ཚང་མས་ཤེས་དགོས།