མཁས་དབང་བློ་བཟང་སེང་གེ་མཆོག་ལ་བཏང་བའི་དྲི་བ།
དོན་དངོས་ཐོག་བོད་གཞུང་ཤེས་རིག་ལས་ཁུངས་དང་། ཧར་ཝར་ཌིའི་ཁྲིམས་ཀྱི་སློབ་གྲྭ་སོགས་ནས་གནང་བའི་ཡིག་ཆ་མང་པོ་ཞིག་ཚགས་པར་ཁག་དང་དྲ་རྒྱ་བཅས་ཀྱི་ནང་ཁྱབ་བསྒྲགས་བྱས་པ་རེད། ད་ལྟའི་སྐབས་དཔྱ་དངུལ་ལག་དེབ་ཀྱི་སྐོར་འཆལ་གཏམ་འདྲ་མིན་བཟོ་ཡི་ཡོད་ཚོད་འདུག
འདིའང་ངའི་ཕ་མ་གཉིས་ཀྱིས་༡༩༧༠ ནས་དཔྱ་ཁྲལ་ཕུལ་ཡོད་པས་ངའང་དེ་བཞིན་རེད། གནད་དོན་འདིའི་ཐད་སྟབས་བདེ་པོ་བྱེད་ནས་ཤེས་ཀྱི་རེད། ངས་གཞི་རིམ་སློབ་གྲྭར་སློབ་སྦྱོང་བྱས་པ་རེད། དཔྱ་དངུལ་ལག་དེབ་མེད་ན་སློབ་ཞུགས་བྱེད་ཐུབ་ཀྱི་མ་རེད། དེ་བཞིན་ཤེས་རིག་ལས་ཁུངས་བརྒྱུད་ནས་ངས་མཐོ་སློབ་ཁག་ནང་སློབ་སྦྱོང་བྱེད་སྐབས་དཔྱ་དངུལ་ལག་དེབ་ནི་མེད་ཐབས་མེད་པ་རེད། མཐའ་མཇུག་ཏུ་ཨ་རིར་སློབ་སྦྱོང་གི་གོ་སྐབས་ཐོབ་པ་རེད། དེའང་དཔྱ་དངུལ་ལག་དེབ་མེད་ན་འགྲོ་ཐབས་བྲལ་བ་ཞིག་རེད། ༡༩༩༧ ངས་ཨ་རིའི་ནང་སློབ་དཔོན་གྱི་སློབ་སྦྱོང་བྱེད་སྐབས་ངའི་དཔྱ་དངུལ་ལག་དེབ་དང་རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་འཁྱེར། དེ་མིན་གྱི་ཡིག་ཆ་ཡོངས་རྫོགས་ནང་གི་ཕ་མ་གཉིས་ལ་བཅོལ་པ་རེད།
༡༩༩༧ ངས་ཨ་རིའི་ནང་འབུམ་རམས་པའི་སློབ་སྦྱོང་བྱེད་སྐབས། ཨ་རིའི་ནང་དུས་ཡུན་རིང་པོར་བསྡད་དགོས་པས། ཨ་རིའི་བྷོ་སི་ཊོན་བོད་རིགས་ཚོགས་པའི་ནང་དཔྱ་དངུལ་ཕུལ་པ་རེད། དེ་ནས་ངའི་བཟའ་ཟླ་དང་ངེད་གཉིས་ཀས་ཆད་ལྷག་མེད་པར་ས་གནས་འདི་རང་ལ་ཕུལ་པ་རེད། ད་ལྟའི་སྐབས་ང་ཕར་ཚུར་འགྲོ་སྐབས་ལག་དེབ་སེར་པོའི་སྒང་ལ་འགྲོ་ཡི་ཡོད་པས། གནད་དོན་འདིའི་ཐད་ལའང་དཔྱ་དངུལ་ལག་དེབ་དགོས་ཀྱི་ཡོད་པ་རེད། ངའི་རེ་བ་ལ་འཆལ་གཏམ་སྤེལ་མཁན་ཚོས་དོགས་པ་ཡོད་ན། རྡོ་རྗེ་གླིང་ནང་ཡོད་པའི་རང་བཙན་ཚོགས་ཆུང་དང་། དྷ་ས་ཡོད་པའི་དཔལ་འབྱོར་ལས་ཁུངས། ནིའུ་ཡོག་གི་བོད་པའི་ལས་ཁུངས་བཅས་ལ་དོགས་འདྲི་གནང་ན་ཡག་པོ་ཆགས་ཀྱི་རེད་བསམ་གྱི་འདུག།
དྲ་གྲོགས་ཚོ་ངས་དངོས་ཡོད་ཀྱི་གནས་ཚུལ་དང་རྒྱ་ཆེའི་མི་མང་མགོ་མི་རྨོངས་པའི་ཆེད་དུ་འདིར་བཀོད་པ་ཡིན། ལྷག་དོན་གནད་དོན་འདིའི་རིགས་ལ་དོགས་པ་ཡོད་མཁན་ཚོས་དཔྱད་ཞིབ་ལེགས་པོ་གནང་དགོས་པ་ལས། ད་ལྟའི་ཆོལ་གསུམ་མི་མང་གི་ཆིག་སྒྲིལ་གྱི་རྩ་བ་བརྟན་པོ་འདི་ལ་བར་ཆད་བྱེད་སྲིད་པས་དེ་དོན་དགོངས་འཇགས་གནང་རོགས།