ས་མཆོད་དུས་ཆེན་ཆེན་མོ་སྲུང་བརྩི་ཞུ་བཞིན་འདུག

དེ་མཚུངས་འདི་གར་དཔལ་ས་སྐྱ་མ་དགོན་བཤད་གྲྭར་སྔ་དྲོ་མཁན་རིན་པོ་ཆེ་མཆོག་དང་བླ་སྤྲུལ་རྣམ་པ་བཅས་ཚོགས་བཞུགས་ཐོག་བླ་མ་མཆོད་པའི་ཆོ་གར་ཚོགས་གནང་སོ། ཆོ་ག་གྲུབ་འཚམས་འཛིན་གྲྭ་ཁག་སོ་སོས་ བཤད་པ་དང་གཞུང་ཆེན་ཁག་ལ་བགྲོ་གླེང་གནང་ནས་མཛད་སྒོ་རྒྱལ་ཁ་ངང་གྲུབ་སོང་། ཉིན་འདི་དག་རིང་དགོན་པའི་ཁོར་ཡུག་ཚང་མར་གློག་མཆོད་དང་མ་མེའི་མཆོད་པ་སོགས་ཡོངས་སུ་བཀང་འདུག