ནམ་མཁའ་གཡའ་དག་དང་ས་གཞི་རྡུལ་དག་གིས་རྒྱལ་སྟོན་དུས་ཆེན་མཇུག་བསྡུས་སོང

དེ་ལ་རྒྱལ་སྟོན་དུས་ཆེན་ཟེར་ནས་དེའི་ཉིན་མོར་རྒྱ་ནག་གི་ནུས་སྟོབས་ཡོངས་རྫོགས་ཕྱིར་ངོམས་བྱེད་སྲོལ་ཡོད། དེ་དང་བསྟུན་ནས་བརྒྱུད་ལམ་ཁག་ཏུ་གོང་ཁྲན་ཏང་གིས་འཇོན་རབས་དང་། བཅིང་གྲོལ་དམག་གིས་བོད་སོགས་ལ་རོགས་རམས་བྱེད་རབས་ཤ་སྟག་བརྒྱུད་བསྒྲགས་བྱེད་ཀྱི་འདུག

ནམ་མཁའ་གཡའ་དག་དང་ས་གཞི་རྡུལ་དག་ནི་དུས་ཆེན་འདི་དང་སྟབས་བསྟུན་ནས། ལྷ་སའི་ཐད་གཏོང་བརྙན་འཕྲིན་ཁང་ནས་བརྒྱུད་བསྒྲགས་བྱས་པའི་འཁྲབ་ཚན་མུ་མཐུད་ཀྱི་ལྟད་མོ་ཞིག་ཡིན། འདིའི་ནང་དོན་ནི་རྒྱ་མི་བོད་ནང་མ་སླེབས་པའི་སྔོན་དུ་བོད་ཀྱི་ས་ཁུལ་ཁག་རྣམས། བོད་སྡེ་པ་གཞུང་གི་ཁོངས་སུ་མེད་པ་ས་ཁུལ་རྣམས་སྡེ་དཔོན་རྣམས་ཀྱིས་དབང་བསྒྱུར་བྱས་ནས་བསྡད་ཡོད་པ་དང། སྡེ་དཔོན་དེ་དག་གིས་རང་རང་ས་ཁུལ་གྱི་མི་རྣམས་བྲན་གཡོགས་ལྟ་བུ་བྱས་ཏེ་ཉར་ཡོད་པ་དང། ལུང་པ་འགའ་རེའི་ནང་མུ་གེ་ཆེན་པོ་བྱུང་ནའང་སྡེ་དཔོན་ཚོ་སྤྲོ་སྐྱིད་སོགས་ལ་མགོ་འཁོར་ནས་བསྡད་ཡོད་ཚུལ་དང། སྡེ་དཔོན་དེ་རྣམས་རྨོངས་དད་ཆེན་པོ་ཡོད་ཚུལ། དྲང་བདེན་ལ་མི་དགའ་མཁན། དགྲ་ཤ་ལེན་རེས་བྱས་པའི་གོམས་གཤིས་ཆེ་བ། ཉལ་ཐག་དང་བུད་མེད་ལ་དགའ་བ། ཁྲིམས་གཅོད་བཙན་པ་སོགས་ཀྱིས་མཚོན་མི་མང་ལ་ཧ་ཅང་དཀའ་སྡུག་ཆེ་བའི་སྐབས། གོ་མིན་ཏང་གིས་དེའི་ཐོག་མ་རུང་ཁོག་བཅངས་བྱས་ཚུལ་སོགས་རིམ་བརྒྱུད་ཀྱི་མཐར། གུང་ཁྲན་ཏང་གི་བཅིང་གྲོལ་དམག་མི་སླེབས་ནས་མི་མང་བདེ་ལ་འཁོད་པའི་སྒྲུང་གཏམ་ཞིག་རེད། ལྟད་མོ་དེ་སྤྱིར་དབུ་སྐད་ཐོག་བསྒྱུར་ཡོད་ཀྱང། ཁམས་སྐད་རེ་ཟུང་ཆེད་མངག་གིས་བེད་སྤྱོད་ཀྱི་འདུག དངོས་གནས་ཁམས་སྐད་དེ་དག་དགོད་བྲོ་པོ་བསྒྱུར་འདུག དྲ་གྲོགས་ཚོ་དེར་གཟིགས་དང་དགོད་བྲོ་པོ་འདུག་དཱ།